Degé Kangyur volume 45, F.268.a

ཞེས་བྱའོ། །​རིམ་གྲོ་པ་ནི་བྱམས་པ་མཐའ་ཡས་བློ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་འབྲུག་སྒྲ་དབྱངས་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འབྲུག་སྒྲ་མཐུ་རྩལ་ཞེས་བྱའོ། །​འདུས་པ་ནི་ལན་དགུ་བཅུ་རྩ་དྲུག་སྟེ། ཐམས་ཅད་ལ་ཡང་འབུམ་ཕྲག་དྲུག་ཅུ་རྩ་དྲུག་དྲུག་གོ། །​སྐུ་ཚེའི་ཚད་ནི་ལོ་སུམ་ཁྲི་སུམ་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་འབུམ་གྱི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ།​། །​།འཕགས་པ་བསྐལ་པ་བཟང་པོ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་ཉི་ཤུ་གཉིས་པ། དེ་བཞིན་གཤེགས་པ་བག་ཆགས་ལས་རྒལ་བའི་སྟབས་སྐྱེ་བའི་ཡུལ་ནི་བཀོད་པ་མཚུངས་པ་མེད་པ་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་བྱེ་བ་ཕྲག་འབུམ་མོ། །​ཡབ་ནི་འཇིག་རྟེན་སྙན་པར་གྲགས་ཞེས་བྱའོ། །​ཡུམ་ནི་བློ་གྲོས་བཟང་མོ་ཞེས་བྱའོ། །​སྲས་ནི་དགའ་དང་གྲགས་ཞེས་བྱའོ། །​རིམ་གྲོ་པ་ནི་གྲགས་པའི་བློ་གྲོས་གཟི་བརྗིད་ཅེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མིའི་ཟླ་བའི་འོད་ཅེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སྐྱེ་དབང་མཚུངས་ཞེས་བྱའོ། །​འདུས་པ་ནི་ལན་དགུ་བཅུ་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་སྟོང་སྟོང་ངོ་། །​སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲི་བདུན་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་འབུམ་གྱི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་མི་ཕྱེད་པའི་བློ་མངའ་བ་སྐྱེ་བའི་ཡུལ་ནི་བྱང་ཆུབ་ངེས་པ་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་སུམ་སྟོང་སུམ་བརྒྱའོ། །​ཡབ་ནི་གཟི་བརྗིད་འབྱོར་ཅེས་བྱའོ། །​ཡུམ་ནི་གྲགས་ཆེན་རྒྱལ་མཚན་ཞེས་བྱའོ། །​སྲས་ནི་རྒྱལ་མཚན་གྱི་གཟི་བརྗིད་ཅེས་བྱའོ། །​རིམ་གྲོ་པ་ནི་ཡན་ལག་མ་སྨད་པ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བདུད་རྩིའི་རིན་པོ་ཆེ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བློ་གྲོས་གྲགས་པ་སེམས་ཞེས་བྱའོ། །​འདུས་པ་ནི་ལན་བཞི་བཅུ་སྟེ། ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་ལྔ་ལྔའོ། །​སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲིའོ། །​དམ་པའི་ཆོས་ནི་ལོ་དྲུག་ཁྲི་དྲུག་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་རྒྱ་མཚོ་སྐྱེ་བའི་ཡུལ་ནི་དགའ་བ་གསལ་བ་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་དགུ་ཁྲི་དགུ་སྟོང་ངོ་། །​ཡབ་ནི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14389#UT22084-045-001-14389