Degé Kangyur volume 45, F.262.b

བཟངས་ཞེས་བྱའོ། །​སྲས་ནི་ཀུན་ནས་རིན་ཆེན་མེ་ཏོག་ཅེས་བྱའོ། །​རིམ་གྲོ་པ་ནི་ཆེན་པོ་བྱིན་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་གཟི་བརྗིད་མཐའ་ཡས་ཕུང་པོའི་འོད་ཅེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་སྟོབས་གྲུབ་མཆོད་སྦྱིན་ཞེས་བྱའོ། །​འདུས་པ་ནི་ལན་བརྒྱད་ཅུ་རྩ་དྲུག་སྟེ། ཐམས་ཅད་ལ་ཡང་ཁྲི་ཕྲག་རེ་རེའོ། །​སྐུ་ཚེའི་ཚད་ནི་ལོ་བདུན་ཁྲི་བདུན་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་བདུན་ཁྲི་བཞི་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་སྙིང་པོ་འཕགས་སྐྱེ་བའི་ཡུལ་ནི་མཛེས་པ་མི་གཡོ་བ་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་བརྒྱད་ཅུའོ། །​ཡབ་ནི་བདུད་རྩིའི་བཀོད་པ་ཞེས་བྱའོ། །​ཡུམ་ནི་བློ་གྲོས་གྲགས་མ་ཞེས་བྱའོ། །​སྲས་ནི་ཆོས་ཀྱི་རྒྱལ་མཚན་ཞེས་བྱའོ། །​རིམ་གྲོ་པ་ནི་ཡུལ་འཁོར་སྙོམས་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ངན་སོང་སྤོང་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཀུན་ཏུ་གསལ་བ་ཏོག་ཅེས་བྱའོ། །​འདུས་པ་ནི་ལན་བརྒྱད་ཅུ་སྟེ། ཐམས་ཅད་ལ་ཡང་ས་ཡ་ཕྲག་བརྒྱད་བརྒྱད་དོ། །​སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །​དམ་པའི་ཆོས་ནི་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་མིག་སྨན་སྐྱེ་བའི་ཡུལ་ནི་སྤོས་མཆོག་ཅེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་མཐའ་ཡས་སོ། །​ཡབ་ནི་ཡོན་ཏན་ཐམས་ཅད་གྲགས་ཞེས་བྱའོ། །​ཡུམ་ནི་ཡིད་འོང་བྱིན་ཅེས་བྱའོ། །​སྲས་ནི་བདེན་པའི་མེ་ཏོག་ཅེས་བྱའོ། །​རིམ་གྲོ་པ་ནི་བསོད་ནམས་བློ་གྲོས་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཚན་གྱི་མེ་ཏོག་ཅེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བཀོད་པ་མི་གཡོ་བ་ཞེས་བྱའོ། །​འདུས་པ་ནི་ལན་བཅྭ་བརྒྱད་དེ། ཐམས་ཅད་ལ་ཡང་ཐེར་འབུམ་ཕྲག་སུམ་ཅུ་རྩ་གཉིས་གཉིས་སོ། །​སྐུ་ཚེའི་ཚད་ནི་ལོ་ཁྲི་དྲུག་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་ཉི་ཁྲི་ཉིས་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་འཕེལ་བར་མཛད་པ་སྐྱེ་བའི་ཡུལ་ནི་ཡུལ་འཁོར་མཆོག་ཅེས་བྱའོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14378#UT22084-045-001-14378