Degé Kangyur volume 45, F.262.a

ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བདུད་ཀྱི་དཔུང་རབ་ཏུ་འཇོམས་པའི་གཟི་བརྗིད་ཅེས་བྱའོ། །​འདུས་པ་ནི་ལན་དགུ་བཅུ་རྩ་དྲུག་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་དགུ་བཅུ་རྩ་གཉིས་གཉིས་སོ། །​སྐུ་ཚེའི་ཚད་ནི་ལོ་དགུ་ཁྲི་དགུ་སྟོང་ངོ་། །​དམ་པའི་ཆོས་ཀྱང་ལོ་དགུ་ཁྲི་དགུ་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་ཚུལ་ཁྲིམས་འོད་སྐྱེ་བའི་ཡུལ་ནི་ཁ་ན་མ་ཐོ་བ་མེད་ཅེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་བརྒྱད་ཁྲི་ལྔ་སྟོང་ངོ་། །​ཡབ་ནི་སེང་གེའི་བརྟུལ་ཞུགས་བློ་ཞེས་བྱའོ། །​ཡུམ་ནི་གཟི་བརྗིད་མཐའ་ཡས་མཆོད་ཅེས་བྱའོ། །​སྲས་ནི་མཆོད་གྲགས་ཏོག་ཅེས་བྱའོ། །​རིམ་གྲོ་པ་ནི་ཡོན་ཏན་ཀུན་ཏུ་སྤྱོད་ཅེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་གཟི་བརྗིད་སྣང་བ་མཆོད་ཅེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ལྷའི་མཐུ་རྩལ་སྟོབས་ཞེས་བྱའོ། །​འདུས་པ་ནི་ལན་དགུ་བཅུ་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་འབུམ་འབུམ་མོ། །​སྐུ་ཚེའི་ཚད་ནི་ལོ་བདུན་ཁྲིའོ། །​དམ་པའི་ཆོས་ནི་ལོ་དུང་ཕྱུར་ཕྲག་བདུན་གྱི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་བརྟུལ་ཞུགས་གནས་སྐྱེ་བའི་ཡུལ་ནི་དགྲ་བཅོམ་སྤོང་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་དུང་ཕྱུར་ཕྲག་བརྒྱད་དོ། །​ཡབ་ནི་ཀུན་ཏུ་གཟི་བརྗིད་དཔལ་ཞེས་བྱའོ། །​ཡུམ་ནི་ཡོན་ཏན་གསལ་མཆོད་མ་ཞེས་བྱའོ། །​སྲས་ནི་ལྷ་མཆོག་མེ་ཏོག་མཆོད་གྲགས་ཞེས་བྱའོ། །​རིམ་གྲོ་པ་ནི་ཁ་ལོ་སྒྱུར་བར་གྲགས་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་འགྲོས་བརྟན་དགེ་བ་ཡངས་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མིའི་མཆོད་རྟེན་ཞེས་བྱའོ། །​འདུས་པ་ནི་ལན་དགུ་བཅུ་རྩ་གཅིག་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་འབུམ་འབུམ་མོ། །​སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲི་བདུན་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་རྡུལ་མེད་སྐྱེ་བའི་ཡུལ་ནི་སྐྱོན་མེད་པ་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་སུམ་ཁྲི་ལྔ་སྟོང་ངོ་། །​ཡབ་ནི་རིན་ཆེན་ཟླ་བ་ཞེས་བྱའོ། །​ཡུམ་ནི་ཏོག་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14377#UT22084-045-001-14377