Degé Kangyur volume 45, F.270.b

བྱེ་བ་ཡབ་ནི་དོན་གནས་ཡིན། །​བློ་གནས་བློ་གྲོས་རྒྱལ་ཡུམ་བྱང་ཆུབ་ནི། །​སྲས་ཡིན་ལེགས་པའི་བྱང་ཆུབ་རིམ་གྲོ་པ། །​ཤེད་སྐྱེས་དབང་ཕྱུག་ཅེས་བྱ་མཁས་པ་སྟེ། །​དོན་ཡོད་སྣ་ཚོགས་པ་ནི་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་དྲུག་ཅུ་གཉིས་ཀུན་ལའང་། །​སྟོན་ཅིང་སྒོམ་པའི་མཐར་ནི་ཕྱིན་པ་པོ། །​བྱེ་བ་ཕྲག་ནི་བདུན་ཅུ་རེ་རེ་ཡོད། །​མི་ཚེ་ལོ་གྲངས་ཉི་ཁྲི་བཞི་སྟོང་ཡིན། །​གྲགས་པ་མཐའ་ཡས་པ་ཡི་དམ་ཆོས་དག །​ལོ་གྲངས་ཉི་ཁྲི་ཆིག་སྟོང་བར་དུ་གནས། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །​མཆོད་རྟེན་བཟང་པོས་ཁམས་གསུམ་གང་བར་འགྱུར། །​དེ་བཞིན་གཤེགས་པ་ཉི་མ་དགྱེས་པ་ཡི། །​སྐྱེ་བའི་ཡུལ་ནི་གཟི་བརྗིད་བསྡུས་ཞེས་བྱ། །​རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །​དཔག་ཚད་གསུམ་ཡོད་ཐོས་པའི་དབང་པོ་ཡབ། །​དབང་པོའི་འགྲོས་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་ཁ་སྒྱུར་གནས་པ་རིམ་གྲོ་པ། །དམག་མའི་མཆོག་ཅེས་བྱ་བ་མཁས་པ་སྟེ། །​རྣམ་པར་ངེས་པར་གྲགས་པ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །​སྲིད་པ་ཀུན་གྱིས་གོས་པ་མེད་པ་པོ། །​བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་ཡོད། །​མི་ཚེ་ལོ་གྲངས་ཉི་ཁྲི་བཞི་སྟོང་ཡིན། །​རྒྱལ་བ་མྱ་ངན་འདས་ནས་དམ་ཆོས་དག །​ལོ་གྲངས་སུམ་ཁྲིའི་བར་དུ་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །​དཔག་ཚད་བདུན་པ་གསེར་གྱི་བླ་རེར་ལྡན། །​བདེ་གཤེགས་སྒྲ་གཅན་ཟླ་བ་སྐྱེ་བ་ཡི། །​ཡུལ་ནི་ཏོག་རྣམས་སྣང་བར་བྱེད་ཅེས་བྱ། །​རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །​བདུན་ཅུ་རྩ་གསུམ་ཡབ་ནི་ཏོག་བཟངས་ཡིན། །​སྣང་བ་ཅན་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་གཟི་བརྗིད་ལྡན་སྣང་རིམ་གྲོ་པ། །​གྲགས་ལྡན་ཆེན་པོ་ཞེས་བྱ་མཁས་པ་སྟེ། །​མྱ་ངན་མེད་པར་གནས་པ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །​འཇིགས་མེད་ཐང་ཆེན་ཕ་མཐར་ལེགས་གནས་པ། །​བྱེ་བ་ཕྲག་ནི་བདུན་ཅུ་གསུམ་གསུམ་ཡོད། །​མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །​ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག །​ལོ་གྲངས་དྲུག་ཁྲི་བརྒྱད་སྟོང་བར་དུ་གནས། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14394#UT22084-045-001-14394