Degé Kangyur volume 45, F.266.b

ཞེས་བྱའོ། །​རིམ་གྲོ་པ་ནི་འཇིག་རྟེན་བསྡུས་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཐོང་བས་སྤོང་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཐའ་ཡས་ཞེས་བྱའོ། །​འདུས་པ་ནི་ལན་བཞི་བཅུ་སྟེ། ཐམས་ཅད་ལ་ཡང་འབུམ་ཕྲག་བཞི་བཅུ་རྩ་གཉིས་གཉིས་སོ། །​སྐུ་ཚེའི་ཚད་ནི་ལོ་བདུན་ཁྲི་སུམ་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་བཞི་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་ལེགས་དགྱེས་སྐྱེ་བའི་ཡུལ་ནི་འོད་ཟེར་ཡིད་དུ་འོང་བ་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་བརྒྱད་ཁྲིའོ། །ཡབ་ནི་ཆུ་ལྷའི་བདག་ཅེས་བྱའོ། །​ཡུམ་ནི་ཤེས་རབ་འཕགས་ཞེས་བྱའོ། །​སྲས་ནི་བདེན་པའི་སྟོབས་ཞེས་བྱའོ། །​རིམ་གྲོ་པ་ནི་སེང་གེས་བྱིན་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་འོད་ཟེར་མཆོག་ཅེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཆོད་སྤངས་ཞེས་བྱའོ། །​འདུས་པ་ནི་ལན་བདུན་ཅུ་སྟེ། ཐམས་ཅད་ལ་ཡང་བྱེ་བ་འབུམ་ཕྲག་སུམ་ཅུ་རྩ་གཉིས་གཉིས་སོ། །​སྐུ་ཚེའི་ཚད་ནི་ལོ་དགུ་ཁྲི་བཞི་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་དགུ་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་མྱ་ངན་བྲལ་སྐྱེ་བའི་ཡུལ་ནི་གཟི་བརྗིད་ཡིད་དུ་འོང་བ་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བདུན་ཁྲི་དགུ་སྟོང་ངོ་། །​ཡབ་ནི་ཐར་པའི་རྒྱལ་མཚན་ཞེས་བྱའོ། །​ཡུམ་ནི་འཕགས་པའི་མེ་ཏོག་ཅེས་བྱའོ། །​སྲས་ནི་ཡོན་ཏན་ཀུན་སྦེད་ཅེས་བྱའོ། །​རིམ་གྲོ་པ་ནི་ཡེ་ཤེས་འོད་ཟེར་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ལྷའི་སྒྲོན་མ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཕུང་པོ་བཟང་པོ་འོད་ཅེས་བྱའོ། །​འདུས་པ་ནི་ལན་སུམ་ཅུ་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་སྟོང་སྟོང་ངོ་། །​སྐུ་ཚེའི་ཚད་ནི་ལོ་ཉི་ཁྲི་བརྒྱད་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་དགུ་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་རིན་ཆེན་འོད་སྐྱེ་བའི་ཡུལ་ནི་ཀུན་ཏུ་ཡོན་ཏན་ཅན་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་བརྒྱའོ། །​ཡབ་ནི་བློ་གྲོས་ཟླ་བ་ཞེས་བྱའོ། །​ཡུམ་ནི་ངེས་པར་གྲགས་པ་ཞེས་བྱའོ། །​སྲས་ནི་བདུད་རྩིའི་མིག་ཅེས་བྱའོ། །​རིམ་གྲོ་པ་ནི་ཕྱོགས་གྲགས་རིན་ཆེན་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མ་སྨད་གྲགས་ཞེས་བྱའོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14386#UT22084-045-001-14386