Degé Kangyur volume 45, F.266.a

མཆོག་ནི་དེད་དཔོན་ཆེན་པོ་ཞེས་བྱའོ། །​འདུས་པ་ནི་ལན་བདུན་ཅུ་སྟེ། ཐམས་ཅད་ལ་ཡང་ཐེར་འབུམ་ཕྲག་དྲུག་ཅུ་རྩ་བདུན་བདུན་ནོ། །​སྐུ་ཚེའི་ཚད་ནི་ལོ་དགུ་ཁྲིའོ། །​དམ་པའི་ཆོས་ཀྱང་ལོ་དགུ་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་གཟི་བརྗིད་འབར་བ་སྐྱེ་བའི་ཡུལ་ནི་སྣང་བ་མཐའ་ཡས་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་ཁྲིའོ། །​ཡབ་ནི་ལྷ་བདེ་ཞེས་བྱའོ། །​ཡུམ་ནི་ཐར་པ་མཆོག་ཅེས་བྱའོ། །​སྲས་ནི་མྱ་ངན་ལས་འདས་པའི་མེ་ཏོག་ཅེས་བྱའོ། །​རིམ་གྲོ་པ་ནི་སྲེད་མེད་གྲགས་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཉོན་མོངས་པ་མེད་པར་གྲགས་པ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འཇིག་རྟེན་ཐམས་ཅད་དུ་གྲགས་པ་ཞེས་བྱའོ། །​འདུས་པ་ནི་ལན་བདུན་ཅུ་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་ལྔ་བཅུ་རྩ་དྲུག་དྲུག་གོ། །​སྐུ་ཚེའི་ཚད་ནི་ལོ་བདུན་ཁྲི་ཉིས་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་བདུན་ཁྲི་བཞི་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་སྣང་བ་གཟིགས་སྐྱེ་བའི་ཡུལ་ནི་སྣང་བ་མཐའ་ཡས་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་བྱེ་བའོ། །​ཡབ་ནི་འོད་ཟེར་ཡངས་པ་ཞེས་བྱའོ། །​ཡུམ་ནི་ཡིད་འོང་གཟི་བརྗིད་ཅེས་བྱའོ། །​སྲས་ནི་བདུད་རྩི་བཀོད་པ་ཞེས་བྱའོ། །​རིམ་གྲོ་པ་ནི་བདེན་པའི་རྒྱལ་པོ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མངོན་པར་ཤེས་པས་རྣམ་པར་བརྩེ་བ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བྱང་ཆུབ་སྟོབས་ཞེས་བྱའོ། །​འདུས་པ་ནི་ལན་བརྒྱད་ཅུ་སྟེ། ཐམས་ཅད་ལ་ཡང་ཐེར་འབུམ་ཕྲག་བཅུ་བཅུའོ། །​སྐུ་ཚེའི་ཚད་ནི་ལོ་དགུ་ཁྲི་དགུ་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་བྱེ་བའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་ལེགས་སྦྱང་རྣམ་པར་སྨིན་པ་སྐྱེ་བའི་ཡུལ་ནི་བྱང་ཆུབ་གསལ་བ་ཅན་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་སུམ་བརྒྱའོ། །​ཡབ་ནི་ཡུལ་དགའ་ཞེས་བྱའོ། །​ཡུམ་ནི་བདུད་རྩིའི་གྲགས་ཞེས་བྱའོ། །​སྲས་ནི་ལྷ་བདེན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14385#UT22084-045-001-14385