Degé Kangyur volume 45, F.261.a

ནི་ལོ་དགུ་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་དགེ་བའི་སྒྲོན་མ་སྐྱེ་བའི་ཡུལ་ནི་བདུད་རྩིའི་གཟི་བརྗིད་ཅེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་བརྒྱའོ། །​ཡབ་ནི་གྲགས་པའི་མཐའ་ཡས་འགྲོ་ཞེས་བྱའོ། །​ཡུམ་ནི་དགྲ་བཅོམ་མེ་ཏོག་རིན་ཆེན་གཟི་བརྗིད་ཅེས་བྱའོ། །​སྲས་ནི་ལྷས་མཆོད་ཟླ་བ་ཞེས་བྱའོ། །​རིམ་གྲོ་པ་ནི་གྲོལ་བའི་ཕུང་པོ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བདེན་པ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བདེན་པའི་བློ་གྲོས་གཟི་བརྗིད་ཅེས་བྱའོ། །​འདུས་པ་ནི་ལན་དགུ་བཅུ་རྩ་གཉིས་ཏེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་སུམ་ཅུ་རྩ་ལྔ་ལྔའོ། །​སྐུ་ཚེའི་ཚད་ནི་ལོ་བདུན་ཁྲིའོ། །​དམ་པའི་ཆོས་ནི་ལོ་དགུ་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་མཐུ་རྩལ་བརྟན་པོ་སྐྱེ་བའི་ཡུལ་ནི་ཐུབ་དཀའ་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་བརྒྱད་སྟོང་ངོ་། །​ཡབ་ནི་ཟླ་ལུས་ཞེས་བྱའོ། །​ཡུམ་ནི་ཐར་པ་དམིགས་ཞེས་བྱའོ། །​སྲས་ནི་གྲགས་ཆེན་ཞེས་བྱའོ། །​རིམ་གྲོ་པ་ནི་དགའ་དབྱངས་འདམ་བུ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་གྲགས་གནས་རྒྱལ་མཚན་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ང་རོ་འཇམ་པའི་དབྱངས་ཞེས་བྱའོ། །​འདུས་པ་ནི་ལན་བཅུ་བཞི་སྟེ། ཐམས་ཅད་ལ་ཡང་འབུམ་ཕྲག་བཅུ་བཅུའོ། །​སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །​དམ་པའི་ཆོས་ཀྱང་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་ལྷ་སྒྲ་སྐྱེ་བའི་ཡུལ་ནི་ཡིད་དུ་འོང་བས་བྱིན་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་བདུན་བརྒྱའོ། །​ཡབ་ནི་ལྷ་མཆོད་ཅེས་བྱའོ། །​ཡུམ་ནི་བཀོད་པ་ལེགས་མཐོང་ཞེས་བྱའོ། །སྲས་ནི་མེ་ཏོག་གི་བློ་གྲོས་ཞེས་བྱའོ། །​རིམ་གྲོ་པ་ནི་གཟི་བརྗིད་མདངས་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཀུན་ཏུ་དགའ་བའི་དབྱངས་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཟླ་བའི་ཏིང་ངེ་འཛིན་ཅེས་བྱའོ། །​འདུས་པ་ནི་ལན་དགུ་བཅུ་སྟེ། ཐམས་ཅད་ལ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14375#UT22084-045-001-14375