Degé Kangyur volume 45, F.256.b

པར་སེམས་པ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཏོག་མཆོག་འོད་ཅེས་བྱའོ། །​འདུས་པ་ནི་ལན་དགུ་བཅུ་སྟེ། ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་བཞི་བཞིའོ། །​སྐུ་ཚེའི་ཚད་ནི་ལོ་སུམ་ཁྲིའོ། །​དམ་པའི་ཆོས་ནི་ལོ་སུམ་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་མ་ཞུམ་པ་སྐྱེ་བའི་ཡུལ་ནི་ཟིལ་གྱིས་མི་ནོན་པ་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་སྟོང་ངོ་། །​ཡབ་ནི་མིའི་ཟླ་བ་ཞེས་བྱའོ། །​ཡུམ་ནི་འོད་བཟངས་ཞེས་བྱའོ། །​སྲས་ནི་ཕྱོགས་ལྟ་ཞེས་བྱའོ། །​རིམ་གྲོ་པ་ནི་དོན་གྱི་ཏོག་ཅེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ལྷས་མཆོད་ཅེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཐའ་ཡས་ཏོག་ཅེས་བྱའོ། །​འདུས་པ་ནི་ལན་བདུན་ཅུ་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་འབུམ་འབུམ་མོ། །​སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲི་བཞི་སྟོང་ངོ་། །​དམ་པའི་ཆོས་ཀྱང་ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ནི་དཔག་ཚད་བཅུ་པ་སྟེ་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་སྲིད་པའི་སྲེད་པ་དྲི་མ་སྤངས་པ་སྐྱེ་བའི་ཡུལ་ནི་རིན་ཆེན་འོད་ཅེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་སུམ་སྟོང་དྲུག་བརྒྱའོ། །​ཡབ་ནི་རིན་པོ་ཆེའི་ཕུང་པོ་ཞེས་བྱའོ། །​ཡུམ་ནི་གཟི་བརྗིད་གསལ་བ་ཞེས་བྱའོ། །སྲས་ནི་ཟླ་ལེགས་ཞེས་བྱའོ། །​རིམ་གྲོ་པ་ནི་རིན་ཆེན་མཆོག་ཏུ་གྲགས་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་གཡོ་བ་མེད་པའི་འགྲོས་ཀྱི་གཟི་བརྗིད་གནས་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ལྷ་དད་སེམས་ཞེས་བྱའོ། །​འདུས་པ་ནི་ལན་ཐེར་འབུམ་སྟེ། ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་བཞི་བཞིའོ། །​སྐུ་ཚེའི་ཚད་ནི་ལོ་དགུ་ཁྲིའོ། །​དམ་པའི་ཆོས་ཀྱང་ལོ་དགུ་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་སྤྱོད་པའི་སྟེགས་སྐྱེ་བའི་ཡུལ་ནི་དགྲ་བཅོམ་བཀོད་ཅེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་ཁྲིའོ། །​ཡབ་ནི་མཛེས་པ་ཞེས་བྱའོ། །​ཡུམ་ནི་ཉི་མའི་སྙིང་པོ་ཞེས་བྱའོ། །​སྲས་ནི་ཟླ་མཆོག་ཅེས་བྱའོ། །​རིམ་གྲོ་པ་ནི་བཀོད་པ་ཡིད་འོང་མཛེས་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཐོང་བ་གཡོ་བ་མེད་པར་གནས་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རྣམ་པར་གྲོལ་བས་སྤོང་བའི་གཟི་བརྗིད་རྒྱལ་པོ་ཞེས་བྱའོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14366#UT22084-045-001-14366