Degé Kangyur volume 45, F.222.a

སེམས་ཅན་གྱི་དོན་ལ་རྣམ་པར་གདོན་མི་ཟ་བའི་རྒྱལ་མོ་ཞེས་བྱའོ། །​སྲས་ནི་རིན་པོ་ཆེའི་མཛོད་ཅེས་བྱའོ། །​རིམ་གྲོ་པ་ནི་ཡོན་ཏན་འབུམ་ཕྲག་སྙེད་འཆང་བའི་གཟི་བརྗིད་ཅེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཕས་ཀྱི་རྒོལ་བ་ཚར་གཅོད་པ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་བརྩེགས་པའི་རྣ་རྒྱན་གྱིས་བརྒྱན་པ་ཞེས་བྱའོ། །​འདུས་པ་ནི་ལན་ལྔ་བཅུ་སྟེ། ཐམས་ཅད་ལ་ཡང་ཐེར་འབུམ་ཕྲག་བཅུ་བཅུའོ། །​སྐུ་ཚེའི་ཚད་ནི་ལོ་ལྔ་ཁྲི་སུམ་སྟོང་ངོ་། །​དམ་པའི་ཆོས་ཀྱང་ལོ་ལྔ་ཁྲི་སུམ་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་སྣང་བའི་འོད་ཟེར་སྐྱེ་བའི་ཡུལ་ནི་སྣང་བ་མཐའ་ཡས་པའི་གཟི་བརྗིད་བཀོད་པ་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་སུམ་སྟོང་ངོ་། །​ཡབ་ནི་སྣང་བ་ཐམས་ཅད་ཀྱིས་བརྒྱན་པ་ཞེས་བྱའོ། །​ཡུམ་ནི་ཡེ་ཤེས་སྣང་བའི་འོད་ཀྱི་གཟི་བརྗིད་ཅེས་བྱའོ། །​སྲས་ནི་གཟི་བརྗིད་ཀྱི་ཕུང་པོའི་འོད་རྣམ་པར་གྲགས་པ་ཞེས་བྱའོ། །​རིམ་གྲོ་པ་ནི་བློའི་ཡེ་ཤེས་ཀྱི་རྒྱལ་པོ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བློའི་རྣམ་པར་ངེས་པ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་གྲགས་པ་རྫོགས་པའི་རྒྱལ་མཚན་གྱི་ཏོག་ཅེས་བྱའོ། །​འདུས་པ་ནི་ལན་བདུན་ཅུ་སྟེ། ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་བདུན་བདུན་ནོ། །​སྐུ་ཚེའི་ཚད་ནི་ལོ་བདུན་ཁྲི་དྲུག་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་བདུན་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་སྤོས་ཀྱི་གཟི་བརྗིད་སྐྱེ་བའི་ཡུལ་ནི་ཨ་ག་རུའི་དྲི་བསུང་གིས་ངེས་པར་བདུགས་པའི་གཟི་བརྗིད་འོད་ཅེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་ཙམ་མོ། །​ཡབ་ནི་མཐའ་ཡས་སྤོས་འོད་ཅེས་བྱའོ། །​ཡུམ་ནི་ཡོན་ཏན་བརྒྱའི་སྤོས་འོད་མ་ཞེས་བྱའོ། །​སྲས་ནི་སྤོས་ཀྱི་དབང་ཕྱུག་རྒྱལ་པོའི་བློ་ཅན་སེམས་ཞེས་བྱའོ། །​རིམ་གྲོ་པ་ནི་ཡོན་ཏན་སྤོས་འོད་བློ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཙན་དན་དྲི་བསུང་ཞིམ་པོའི་ཉི་མའི་འོད་ཅེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སྤོས་ཀྱི་གཟི་བརྗིད་རྣམ་པར་སྣང་བར་བྱེད་པའི་འོད་ཅེས་བྱའོ། །​འདུས་པ་ནི་ལན་བཅུ་དྲུག་སྟེ།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14297#UT22084-045-001-14297