Degé Kangyur volume 45, F.218.b

ཡུམ་ནི་གསལ་ལྡན་མ་ཞེས་བྱའོ། །​སྲས་ནི་སེམས་གསལ་ཞེས་བྱའོ། །​རིམ་གྲོ་པ་ནི་སྐར་མའི་འོད་ཟེར་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཤིན་ཏུ་དུལ་བ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རབ་ཏུ་ཞི་བའི་འགྲོས་ཞེས་བྱའོ། །​དགྲ་བཅོམ་པ་འདུས་པ་ནི་ལན་བཅུ་གསུམ་སྟེ། ཐམས་ཅད་ལ་ཡང་ལྔ་འབུམ་ལྔ་འབུམ་མོ། །​སྐུ་ཚེའི་ཚད་ནི་ལོ་སུམ་ཁྲི་སུམ་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་སུམ་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་བདེན་པའི་ཕུང་པོ་སྐྱེ་བའི་ཡུལ་ནི་བདེན་པའི་ཏོག་ཅེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་བདུན་བརྒྱའོ། །​ཡབ་ནི་དྲི་མ་མེད་པར་གྲགས་པ་ཞེས་བྱའོ། །​ཡུམ་ནི་ཆོས་མཐོང་མ་ཞེས་བྱའོ། །​སྲས་ནི་རྣམ་པར་སྣང་བྱེད་ཅེས་བྱའོ། །​རིམ་གྲོ་པ་ནི་ཆོས་དབྱངས་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་འཁྲུལ་མེད་སེམས་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཉམ་པ་དང་མི་མཉམ་པ་ལྟ་བ་ཞེས་བྱའོ། །​དགྲ་བཅོམ་པ་འདུས་པ་ནི་ལན་ལྔ་བཅུ་སྟེ། ཐམས་ཅད་ལ་ཡང་ལྔ་འབུམ་ལྔ་འབུམ་མོ། །​སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲི་ལྔ་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་དགུ་ཁྲི་ཉིས་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་དབྱངས་སྙན་སྐྱེ་བའི་ཡུལ་ནི་ཡུལ་འཁོར་ཡུལ་བཟངས་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་བཅུ་དྲུག་གོ། །ཡབ་ནི་མཐུ་རྩལ་སྤྱོད་ཅེས་བྱའོ། །​ཡུམ་ནི་ཆོས་ལྡན་མ་ཞེས་བྱའོ། །​སྲས་ནི་སྟོན་དགའ་ཞེས་བྱའོ། །​རིམ་གྲོ་པ་ནི་ལེགས་མཐོང་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཏོག་ཆེན་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བློ་མཆོག་ཅེས་བྱའོ། །​དགྲ་བཅོམ་པ་འདུས་པ་ནི་ལན་བདུན་ཅུ་སྟེ། ཐམས་ཅད་ལ་ཡང་དུང་ཕྱུར་དུང་ཕྱུར་རོ། །​སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །​དམ་པའི་ཆོས་ཀྱང་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་རི་དབང་མཚུངས་སྐྱེ་བའི་ཡུལ་ནི་སྣ་ཚོགས་རྗེས་སུ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14290#UT22084-045-001-14290