Degé Kangyur volume 45, F.218.a

ནི་ལན་སུམ་ཅུ་སྟེ། ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་བདུན་བདུན་ནོ། །​སྐུ་ཚེའི་ཚད་ནི་ལོ་དགུ་ཁྲི་ཉིས་སྟོང་ངོ་། །​དམ་པའི་ཆོས་ཀྱང་ལོ་དགུ་ཁྲི་ཉིས་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་འཇིགས་མཛད་སྐྱེ་བའི་ཡུལ་ནི་འཇིགས་མཆོག་ཅེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་སུམ་བརྒྱའོ། །​ཡབ་ནི་དབང་ཕྱུག་ཆེན་པོ་ཞེས་བྱའོ། །​ཡུམ་ནི་དགེ་བ་ཅན་ཞེས་བྱའོ། །​སྲས་ནི་ལྷ་མཆོད་ཅེས་བྱའོ། །​རིམ་གྲོ་པ་ནི་ཡོན་ཏན་གྱི་ཚོགས་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མི་ཟད་པའི་བློ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ལྟ་བས་མཐོང་ཞེས་བྱའོ། །​འདུས་པ་ནི་ལན་དྲུག་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་སྟོང་སྟོང་ངོ་། །​སྐུ་ཚེའི་ཚད་ནི་ལོ་བདུན་སྟོང་ངོ་། །​དམ་པའི་ཆོས་ཀྱང་ལོ་བདུན་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་ཆུ་བོ་སྤོང་བ་སྐྱེ་བའི་ཡུལ་ནི་བཀོད་པ་གསལ་བ་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་བཞི་བཅུའོ། །​ཡབ་ནི་དཔའ་བའི་འོད་ཅེས་བྱའོ། །​ཡུམ་ནི་འདམ་ལས་རྒལ་ཞེས་བྱའོ། །​སྲས་ནི་ཡུལ་འཁོར་ཁ་ལོ་སྒྱུར་ཞེས་བྱའོ། །​རིམ་གྲོ་པ་ནི་བལྟ་བཟོད་ཅེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཁ་ན་མ་ཐོ་བ་མེད་པའི་ལས་ཅན་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རྐང་མི་འཁྱོལ་ཞེས་བྱའོ། །​འདུས་པ་ནི་ལན་དྲུག་སྟེ། ཐམས་ཅད་ལ་ཡང་ཐེར་འབུམ་ཕྲག་དྲུག་ཅུ་དྲུག་ཅུའོ། །​སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲི་དྲུག་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་དྲུག་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ།​། །​།འཕགས་པ་བསྐལ་པ་བཟང་པོ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་བཅྭ་བརྒྱད་པ། དེ་བཞིན་གཤེགས་པ་ཐོགས་མེད་གྲགས་པ་སྐྱེ་བའི་ཡུལ་ནི་ཕྱོགས་གསལ་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་སུམ་ཅུའོ། །​ཡབ་ནི་དབང་ཆེན་བྱིན་ཞེས་བྱའོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14289#UT22084-045-001-14289