Degé Kangyur volume 45, F.216.a

མཚུངས་པ་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་ལྔ་བརྒྱའོ། །​ཡབ་ནི་ཕྱོགས་ལྟ་ཞེས་བྱའོ། །​ཡུམ་ནི་འཕགས་དགྱེས་བྱེད་ཅེས་བྱའོ། །​སྲས་ནི་དུལ་བར་གནས་ཞེས་བྱའོ། །​རིམ་གྲོ་པ་ནི་མཚོན་ཆ་བཟང་པོ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མེ་ཏོག་སྒྲོན་མ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རིན་ཆེན་སྒྲོན་མ་ཞེས་བྱའོ། །​འདུས་པ་ནི་ལན་དགུ་བཅུ་སྟེ། ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་དགུ་དགུའོ། །​སྐུ་ཚེའི་ཚད་ནི་ལོ་འབུམ་མོ། །​དམ་པའི་ཆོས་ནི་ལོ་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་ལྷའི་ཡོན་ཏན་དབང་པོ་སྐྱེ་བའི་ཡུལ་ནི་ལྷའི་ཡུལ་འཁོར་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་བརྒྱའོ། །​ཡབ་ནི་ཚངས་ལྟོ་ཞེས་བྱའོ། །​ཡུམ་ནི་ཚངས་སྒྲ་ཞེས་བྱའོ། །​སྲས་ནི་ལྷ་དགའ་ཞེས་བྱའོ། །​རིམ་གྲོ་པ་ནི་འཕགས་དགྱེས་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་དགེ་བ་དགའ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡིད་གཉིས་སྤོང་ཞེས་བྱའོ། །​འདུས་པ་ནི་ལན་བདུན་ཅུ་སྟེ། ཐམས་ཅད་ལ་ཡང་ས་ཡ་ཕྲག་བརྒྱད་བརྒྱད་དོ། །​སྐུ་ཚེའི་ཚད་ནི་ལོ་ཉི་ཁྲི་ཉིས་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་བདུན་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་ཆོས་ཀྱི་གདུགས་སྐྱེ་བའི་ཡུལ་ནི་དགེ་བའི་རྒྱལ་པོ་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་བརྒྱའོ། །​ཡབ་ནི་ཟླ་གདུགས་ཞེས་བྱའོ། །​ཡུམ་ནི་ལྷ་དགའ་མ་ཞེས་བྱའོ། །​སྲས་ནི་ཡོན་ཏན་མེ་ཏོག་ཅེས་བྱའོ། །​རིམ་གྲོ་པ་ནི་ཡེ་ཤེས་མེ་ཏོག་ཅེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཆོད་འོས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡིད་གཉིས་སྤོང་ཞེས་བྱའོ། །​འདུས་པ་ནི་ལན་སུམ་ཅུ་རྩ་དྲུག་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་འབུམ་འབུམ་མོ། །​སྐུ་ཚེའི་ཚད་ནི་ལོ་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14285#UT22084-045-001-14285