Degé Kangyur volume 45, F.215.b

རབ་ཅན་རྣམས་ཀྱི་མཆོག་ནི་ཤེས་རབ་དཔག་ཏུ་མེད་པ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་གཟི་བརྗིད་མེ་ཏོག་ཅེས་བྱའོ། །​འདུས་པ་ནི་ལན་དྲུག་སྟེ། ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་བརྒྱད་བརྒྱད་དོ། །​སྐུ་ཚེའི་ཚད་ནི་ལོ་ཁྲིའོ། །​དམ་པའི་ཆོས་ཀྱང་ལོ་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་ཟླ་བའི་འོད་ཟེར་སྐྱེ་བའི་ཡུལ་ནི་དགའ་བ་རྣམ་པར་སྣང་བ་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་སུམ་སྟོང་ངོ་། །​ཡབ་ནི་དགའ་བའི་ཟླ་བ་ཞེས་བྱའོ། །​ཡུམ་ནི་གསལ་ལྡན་མ་ཞེས་བྱའོ། །​སྲས་ནི་ལྷ་མཆོད་ཅེས་བྱའོ། །​རིམ་གྲོ་པ་ནི་མཆོད་ལྷ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་རྣམ་པར་གྲོལ་བས་འཇོམས་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མྱ་ངན་མེད་པས་བྱིན་ཞེས་བྱའོ། །​འདུས་པ་ནི་ལན་བདུན་ཅུ་སྟེ། ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་དགུ་དགུའོ། །​སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །​དམ་པའི་ཆོས་ཀྱང་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་གསེར་གྱི་འོད་སྐྱེ་བའི་ཡུལ་ནི་གསེར་གྱི་འོད་ཅན་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་བརྒྱའོ། །​ཡབ་ནི་མཐོང་དགའ་ཞེས་བྱའོ། །​ཡུམ་ནི་འཇིག་རྟེན་ལྷ་ཞེས་བྱའོ། །​སྲས་ནི་གཙུག་ན་རིན་པོ་ཆེ་ཞེས་བྱའོ། །​རིམ་གྲོ་པ་ནི་རིན་ཆེན་སྙིང་པོ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཐའ་ཡས་འོད་ཅེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སྟོན་པར་དཀའ་ཞེས་བྱའོ། །​འདུས་པ་ནི་ལན་གསུམ་སྟེ། ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་བདུན་བདུན་ནོ། །​སྐུ་ཚེའི་ཚད་ནི་ལོ་དགུ་བཅུའོ། །​དམ་པའི་ཆོས་ནི་ལོ་དགུ་བཅུའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​འཁོར་སེམས་ཅན་ཇི་སྙེད་པ་ཐམས་ཅད་ཀྱང་། །​བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཁོ་ནར་གནས་པ་ཤ་སྟག་གོ། །​དེ་བཞིན་གཤེགས་པ་ལེགས་བྱིན་སྐྱེ་བའི་ཡུལ་ནི་ཚོགས་ཀྱི་དབང་པོ་དང་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14284#UT22084-045-001-14284