Degé Kangyur volume 45, F.105.b

ནི་ལོ་དྲུག་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་སྙན་པའི་ཏོག་སྐྱེ་བའི་ཡུལ་ནི་གྲོང་ཁྱེར་གཟི་བརྗིད་གསལ་བ་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་སུམ་ཅུའོ། །​ཡབ་ནི་རབ་གསལ་ཞེས་བྱའོ། །​ཡུམ་ནི་སཱ་ལ་ཅན་ཞེས་བྱའོ། །​སྲས་ནི་མེ་ཏོག་བླ་མ་ཞེས་བྱའོ། །​རིམ་གྲོ་པ་ནི་དགའ་བའི་མིག་ཅེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཤེས་རབ་སྟོབས་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སེང་གེའི་སྟོབས་ཞེས་བྱའོ། །​འདུས་པ་དང་པོ་ལ་ནི་ཉན་ཐོས་སུམ་འབུམ་ཉི་ཁྲིའོ། །​གཉིས་པ་ལ་ནི་སུམ་འབུམ་ཆིག་ཁྲིའོ། །​འདུས་པ་གསུམ་པ་ལ་ནི་ཉན་ཐོས་སུམ་འབུམ་མོ། །​སྐུ་ཚེའི་ཚད་ནི་ལོ་བྱེ་བ་ཕྲག་གཉིས་སོ། །​དམ་པའི་ཆོས་ནི་ལོ་བྱེ་བ་ཕྲག་གཉིས་ཀྱི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་འོད་ཆེན་པོ་སྐྱེ་བའི་ཡུལ་ནི་གྲོང་ཁྱེར་བདེ་དགའ་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་བཞི་བཅུའོ། །​ཡབ་ནི་བ་ཛི་ར་ཞེས་བྱའོ། །​ཡུམ་ནི་རྒྱལ་བས་བྱིན་ཞེས་བྱའོ། །​སྲས་ནི་ཟླ་གདུགས་ཞེས་བྱའོ། །རིམ་གྲོ་པ་ནི་རབ་ཏུ་ཞི་བའི་བློ་གྲོས་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སེམས་ཅན་སྙིང་པོ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དེས་པ་ཞེས་བྱའོ། །​འདུས་པ་དང་པོ་ལ་ནི་ཉན་ཐོས་དུང་ཕྱུར་ཕྲག་དགུ་དང་བྱེ་བ་ཕྲག་བདུན་ནོ། །​གཉིས་པ་ལ་ནི་དུང་ཕྱུར་ཕྲག་དགུ་དང་བྱེ་བ་ཕྲག་ལྔའོ། །​གསུམ་པ་ལ་ནི་དུང་ཕྱུར་ཕྲག་དགུ་དང་བྱེ་བ་ཕྲག་གསུམ་མོ། །​སྐུ་ཚེའི་ཚད་ནི་ལོ་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་དགུ་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་གྲོལ་བའི་ཕུང་པོ་སྐྱེ་བའི་ཡུལ་ནི་གྲོང་ཁྱེར་ཟླ་བ་ཅན་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་གཅིག་གོ། །​ཡབ་ནི་ཡིད་བཟངས་ཞེས་བྱའོ། །​ཡུམ་ནི་གློག་སྦྱིན་མ་ཞེས་བྱའོ། །​སྲས་ནི་དགའ་བས་འགྲོ་ཞེས་བྱའོ། །​རིམ་གྲོ་པ་ནི་ནོར་བུའི་འོད་ཅེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14064#UT22084-045-001-14064