Degé Kangyur volume 45, F.105.a

དགའ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཆོག་སྦྱིན་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ལེགས་གནས་ཞེས་བྱའོ། །​འདུས་པ་དང་པོ་ལ་ནི་ཉན་ཐོས་སུམ་འབུམ་མོ། །​གཉིས་པ་ལ་ནི་དེ་ཉིས་འགྱུར་རོ། །​འདུས་པ་གསུམ་པ་ལ་ནི་ཉན་ཐོས་ཁྲི་འབྱུང་བར་འགྱུར་རོ། །​སྐུ་ཚེའི་ཚད་ནི་ལོ་བཞི་ཁྲིའོ། །​དམ་པའི་ཆོས་ནི་ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་རྒྱུ་སྐར་རྒྱལ་པོ་སྐྱེ་བའི་ཡུལ་ནི་གྲོང་ཁྱེར་འཛམ་བུའི་ཆུ་ཀླུང་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་བརྒྱའོ། །​ཡབ་ནི་འོད་སྦྱིན་ཞེས་བྱའོ། །​ཡུམ་ནི་ལེགས་པའི་བློ་གྲོས་མ་ཞེས་བྱའོ། །​སྲས་ནི་རྒྱལ་ཞེས་བྱའོ། །​རིམ་གྲོ་པ་ནི་ཡེ་ཤེས་སྟོབས་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་དྲིས་ལན་དབང་ཕྱུག་ཅེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བྱིན་རླབས་ཞེས་བྱའོ། །​འདུས་པ་དང་པོ་ལ་ནི་ཉན་ཐོས་ཐེར་འབུམ་མོ། །​གཉིས་པ་ལ་ནི་ཐེར་འབུམ་ཕྲག་གཅིག་དང་དུང་ཕྱུར་ཕྲག་དགུའོ། །​གསུམ་པ་ལ་ནི་ཐེར་འབུམ་ཕྲག་གཅིག་དང་དུང་ཕྱུར་ཕྲག་བརྒྱད་དོ། །​སྐུ་ཚེའི་ཚད་ནི་ལོ་བྱེ་བ་ཕྲག་བརྒྱད་དོ། །​དམ་པའི་ཆོས་ནི་ལོ་བྱེ་བའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་རྩི་སྨན་སྐྱེ་བའི་ཡུལ་ནི་གྲོང་ཁྱེར་སཱ་ལ་ཅན་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་གཅིག་གོ། །​ཡབ་ནི་ན་ཚོད་བཟང་པོ་ཞེས་བྱའོ། །​ཡུམ་ནི་ཡིད་འོང་བློ་གྲོས་མ་ཞེས་བྱའོ། །​སྲས་ནི་རི་བོའི་རྒྱལ་མཚན་ཞེས་བྱའོ། །​རིམ་གྲོ་པ་ནི་མེ་ཏོག་ཅེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཆོས་ཀྱི་འབྱུང་གནས་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བསོད་ནམས་སྟོབས་ཞེས་བྱའོ། །​འདུས་པ་དང་པོ་ལ་ནི་ཉན་ཐོས་དུང་ཕྱུར་ཕྲག་བདུན་ནོ། །​གཉིས་པ་ལ་ནི་དུང་ཕྱུར་ཕྲག་དྲུག་དང་བྱེ་བ་ཕྲག་དགུའོ། །​གསུམ་པ་ལ་ནི་དུང་ཕྱུར་ཕྲག་བདུན་དང་བྱེ་བ་ཕྲག་བརྒྱད་དོ། །​སྐུ་ཚེའི་ཚད་ནི་ལོ་བདུན་ཁྲི་བདུན་སྟོང་ངོ་། །​དམ་པའི་ཆོས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14063#UT22084-045-001-14063