Degé Kangyur volume 45, F.104.a

བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཆོས་སྟོབས་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མི་ཚུགས་པ་ཞེས་བྱའོ། །​འདུས་པ་དང་པོ་ལ་ནི་ཉན་ཐོས་ཐེར་འབུམ་ཕྲག་དྲུག་ཅུའོ། །​གཉིས་པ་ལ་ནི་དུང་ཕྱུར་ཕྲག་གསུམ་དང་བྱེ་བ་ཕྲག་ལྔའོ། །གསུམ་པ་ལ་ནི་དུང་ཕྱུར་ཕྲག་གསུམ་དང་བྱེ་བ་ཕྲག་བཞིའོ། །​སྐུ་ཚེའི་ཚད་ནི་ལོ་ལྔ་ཁྲིའོ། །​དམ་པའི་ཆོས་ནི་ལོ་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་མེ་ཏོག་གཉིས་པ་སྐྱེ་བའི་ཡུལ་ནི་གཟི་བརྗིད་ཡངས་པ་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་གཅིག་གོ། །​ཡབ་ནི་གཙུག་ན་མེ་ཏོག་ཅེས་བྱའོ། །​ཡུམ་ནི་ཆོས་ལྡན་མ་ཞེས་བྱའོ། །​སྲས་ནི་ལུས་གཙང་ཞེས་བྱའོ། །​རིམ་གྲོ་པ་ནི་བློ་གྲོས་སེམས་པ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་དགའ་བ་བཟང་པོ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དགའ་བོ་ཞེས་བྱའོ། །​འདུས་པ་དང་པོ་ལ་ནི་ཉན་ཐོས་དུང་ཕྱུར་ཕྲག་གཅིག་དང་བྱེ་བ་ཕྲག་བཞིའོ། །​གཉིས་པ་ལ་ནི་དུང་ཕྱུར་ཕྲག་གཅིག་དང་བྱེ་བ་ཕྲག་ལྔའོ། །​གསུམ་པ་ལ་ནི་དུང་ཕྱུར་ཕྲག་གཅིག་དང་བྱེ་བ་ཕྲག་དྲུག་གོ། །​སྐུ་ཚེའི་ཚད་ནི་ལོ་བྱེ་བ་ཕྲག་དགུའོ། །​དམ་པའི་ཆོས་ནི་ལོ་དུང་ཕྱུར་གྱི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་སྤྱན་ལེགས་སྐྱེ་བའི་ཡུལ་ནི་བཟང་བྱེད་ཅེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་བཅུ་གཉིས་སོ། །​ཡབ་ནི་རིན་པོ་ཆེ་ཞེས་བྱའོ། །​ཡུམ་ནི་སཱ་ལ་ཅན་ཞེས་བྱའོ། །​སྲས་ནི་རྒྱུ་སྐར་རྒྱལ་པོ་ཞེས་བྱའོ། །​རིམ་གྲོ་པ་ནི་ཡོན་ཏན་བློ་གྲོས་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བློ་གྲོས་མཐའ་ཡས་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སེང་གེའི་འགྲོས་ཞེས་བྱའོ། །​འདུས་པ་དང་པོ་ལ་ནི་ཉན་ཐོས་སུམ་འབུམ་མོ། །​གཉིས་པ་ལ་ནི་ཉིས་འབུམ་བརྒྱད་སྟོང་ངོ་། །​འདུས་པ་གསུམ་པ་ལ་ནི་ཉན་ཐོས་སུམ་འབུམ་དྲུག་སྟོང་ངོ་། །​སྐུ་ཚེའི་ཚད་ནི་ལོ་བདུན་ཁྲིའོ། །​དམ་པའི་ཆོས་ནི་ལོ་དུང་ཕྱུར་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14061#UT22084-045-001-14061