Degé Kangyur volume 45, F.103.b

པ་ལ་ནི་དུང་ཕྱུར་ཕྲག་དགུའོ། །​གསུམ་པ་ལ་ནི་དུང་ཕྱུར་ཕྲག་བརྒྱད་དོ། །​སྐུ་ཚེའི་ཚད་ནི་ལོ་བདུན་ཁྲིའོ། །​དམ་པའི་ཆོས་ནི་ལོ་བྱེ་བའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་རབ་གསལ་སྐྱེ་བའི་ཡུལ་ནི་རྒྱུ་སྐར་ཅན་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་ལྔའོ། །​ཡབ་ནི་ལེགས་པའི་བློ་གྲོས་ཞེས་བྱའོ། །​ཡུམ་ནི་མེ་ཏོག་ཅེས་བྱའོ། །​སྲས་ནི་དུས་རིག་ཅེས་བྱའོ། །​རིམ་གྲོ་པ་ནི་དཔའ་བའི་དབང་པོ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བཀྲ་ཤིས་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འབྲུག་སྒྲ་ཞེས་བྱའོ། །​འདུས་པ་དང་པོ་ལ་ནི་ཉན་ཐོས་བྱེ་བ་ཕྲག་འབུམ་མོ། །​གཉིས་པ་ལ་ནི་དུང་ཕྱུར་ཕྲག་དགུ་དང་བྱེ་བ་ཕྲག་དགུའོ། །​འདུས་པ་གསུམ་པ་ལ་ནི་དུང་ཕྱུར་ཕྲག་དགུ་དང་བྱེ་བ་ཕྲག་བརྒྱད་དོ། །​སྐུ་ཚེའི་ཚད་ནི་ལོ་བྱེ་བ་ཕྲག་དགུའོ། །དམ་པའི་ཆོས་ནི་ལོ་བརྒྱད་ཁྲི་ལྔ་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་ཐུབ་པ་སྐྱེ་བའི་ཡུལ་ནི་གྲོང་ཁྱེར་མེ་ཏོག་བླ་མ་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་གཅིག་གོ། །​ཡབ་ནི་ལྷུན་ཆེན་ཞེས་བྱའོ། །ཡུམ་ནི་སྣ་མའི་མེ་ཏོག་འོད་ཅེས་བྱའོ། །​སྲས་ནི་རིན་ཆེན་མཆོག་ཅེས་བྱའོ། །​རིམ་གྲོ་པ་ནི་མཆོག་གི་དམ་པ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་རྣམ་པར་ངེས་པའི་བློ་གྲོས་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཐུས་བྱིན་ཞེས་བྱའོ། །​འདུས་པ་དང་པོ་ལ་ནི་ཉན་ཐོས་ཁྲིའོ། །​གཉིས་པ་ལ་ནི་དུང་ཕྱུར་ཕྲག་བཞིའོ། །​འདུས་པ་གསུམ་པ་ལ་ནི་དགྲ་བཅོམ་པ་དུང་ཕྱུར་ཕྲག་ལྔའོ། །​སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲིའོ། །​དམ་པའི་ཆོས་ནི་ལོ་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་མེ་ཏོག་སྐྱེ་བའི་ཡུལ་ནི་པད་མ་དཀར་པོ་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་བརྒྱད་དོ། །​ཡབ་ནི་དུས་མཆོག་ཅེས་བྱའོ། །​ཡུམ་ནི་མེ་ཏོག་ཅེས་བྱའོ། །​སྲས་ནི་སྐྱེ་བའི་དབང་པོ་ཞེས་བྱའོ། །​རིམ་གྲོ་པ་ནི་བྱང་ཆུབ་དགའ་བ་ཞེས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14060#UT22084-045-001-14060