Degé Kangyur volume 15, F.53.a

མྱིག་གི་རང་བཞིན་མྱེད་པ་དང་། རྣ་བ་ལ་རྣ་བའི་རང་བཞིན་མྱེད་པ་དང་། སྣ་ལ་སྣའི་རང་བཞིན་མྱེད་པ་དང་། ལྕེ་ལ་ལྕེའི་རང་བཞིན་མྱེད་པ་དང་། ལུས་ལ་ལུས་ཀྱི་རང་བཞིན་མྱེད་པ་དང་། ཡིད་ལ་ཡིད་ཀྱི་རང་བཞིན་མེད་པ་དང་། གཟུགས་ལ་གཟུགས་ཀྱི་རང་བཞིན་མྱེད་པ་དང་། སྒྲ་ལ་སྒྲའི་རང་བཞིན་མྱེད་པ་དང་། དྲི་ལ་དྲིའི་རང་བཞིན་མྱེད་པ་དང་། རོ་ལ་རོའི་རང་བཞིན་མྱེད་པ་དང་། རེག་ལ་རེག་གི་རང་བཞིན་མྱེད་པ་དང་། ཆོས་ལ་ཆོས་ཀྱི་རང་བཞིན་མེད་པ་དང་། མྱིག་གི་རྣམ་པར་ཤེས་པ་ལ་མྱིག་གི་རྣམ་པར་ཤེས་པའི་རང་བཞིན་མྱེད་པ་དང་། རྣ་བའི་རྣམ་པར་ཤེས་པ་ལ་རྣ་བའི་རྣམ་པར་ཤེས་པའི་རང་བཞིན་མྱེད་པ་དང་། སྣའི་རྣམ་པར་ཤེས་པ་ལ་སྣའི་རྣམ་པར་ཤེས་པའི་རང་བཞིན་མྱེད་པ་དང་། ལྕེའི་རྣམ་པར་ཤེས་པ་ལ་ལྕེའི་རྣམ་པར་ཤེས་པའི་རང་བཞིན་མྱེད་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་ལ་ལུས་ཀྱི་རྣམ་པར་ཤེས་པའི་རང་བཞིན་མྱེད་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་ལ་ཡིད་ཀྱི་རྣམ་པར་ཤེས་པའི་རང་བཞིན་མྱེད་པ་དང་། མྱིག་གི་འདུས་ཏེ་རེག་པ་ལ་མྱིག་གི་འདུས་ཏེ་རེག་པའི་རང་བཞིན་མྱེད་པ་དང་། རྣ་བའི་འདུས་ཏེ་རེག་པ་ལ་རྣ་བའི་འདུས་ཏེ་རེག་པའི་རང་བཞིན་མེད་པ་དང་། སྣའི་འདུས་ཏེ་རེག་པ་ལ་སྣའི་འདུས་ཏེ་རེག་པའི་རང་བཞིན་མེད་པ་དང་། ལྕེའི་འདུས་ཏེ་རེག་པ་ལ་ལྕེའི་འདུས་ཏེ་རེག་པའི་རང་བཞིན་མེད་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་ལ་ལུས་ཀྱི་འདུས་ཏེ་རེག་པའི་རང་བཞིན་མྱེད་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་ལ་ཡིད་ཀྱི་འདུས་ཏེ་རེག་པའི་རང་བཞིན་མྱེད་པ་དང་། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་མྱེད་པ་དང་། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་མྱེད་པ་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་མྱེད་པ་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6753#UT22084-014-001-6753