Degé Kangyur volume 15, F.53.b

ཀྱིས་ཚོར་བ་ལ་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་མྱེད་པ་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་མེད་པ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་མྱེད་པ་དང་། སའི་ཁམས་ལ་སའི་ཁམས་ཀྱི་རང་བཞིན་མྱེད་པ་དང་། ཆུའི་ཁམས་ལ་ཆུའི་ཁམས་ཀྱི་རང་བཞིན་མྱེད་པ་དང་། མྱེའི་ཁམས་ལ་མྱེའི་ཁམས་ཀྱི་རང་བཞིན་མྱེད་པ་དང་། རླུང་གི་ཁམས་ལ་རླུང་གི་ཁམས་ཀྱི་རང་བཞིན་མེད་པ་དང་། ནམ་མཁའི་ཁམས་ལ་ནམ་མཁའི་ཁམས་ཀྱི་རང་བཞིན་མྱེད་པ་དང་། རྣམ་པར་ཤེས་པའི་ཁམས་ལ་རྣམ་པར་ཤེས་པའི་ཁམས་ཀྱི་རང་བཞིན་མྱེད་པ་དང་། མ་རིག་པ་ལ་མ་རིག་པའི་རང་བཞིན་མེད་པ་དང་། འདུ་བྱེད་ལ་འདུ་བྱེད་ཀྱི་རང་བཞིན་མྱེད་པ་དང་། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པའི་རང་བཞིན་མེད་པ་དང་། མྱིང་དང་གཟུགས་ལ་མྱིང་དང་གཟུགས་ཀྱི་རང་བཞིན་མྱེད་པ་དང་། སྐྱེ་མཆེད་དྲུག་ལ་སྐྱེ་མཆེད་དྲུག་གི་རང་བཞིན་མེད་པ་དང་། རེག་པ་ལ་རེག་པའི་རང་བཞིན་མྱེད་པ་དང་། ཚོར་བ་ལ་ཚོར་བའི་རང་བཞིན་མྱེད་པ་དང་། སྲེད་པ་སྲེད་པའི་རང་བཞིན་མེད་པ་དང་། ལེན་པ་ལ་ལེན་པའི་རང་བཞིན་མྱེད་པ་དང་། སྲིད་པ་ལ་སྲིད་པའི་རང་བཞིན་མེད་པ་དང་། སྐྱེ་བ་ལ་སྐྱེ་བའི་རང་བཞིན་མྱེད་པ་དང་། རྒ་ཤི་ལ་རྒ་ཤིའི་རང་བཞིན་མྱེད་པ་དང་། སྦྱིན་པའི་ཕ་རོལད་ཏུ་ཕྱིནད་པ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིནད་པའི་རང་བཞིན་མེད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་མེད་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་མྱེད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་འགྲུས་ཀྱི་ཕ་རོལད་ཏུ་ཕྱིན་པའི་རང་བཞིན་མེད་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིནད་པ་ལ་བསམ་གཏན་གྱི་ཕ་རོལད་ཏུ་ཕྱིནད་པའི་རང་བཞིན་མྱེད་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6754#UT22084-014-001-6754