Degé Kangyur volume 15, F.18.a

བ་མ་མཆིས་པ་སྟེ། དགྲ་བཅོམ་པ་ཉིད་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་དགྲ་བཅོམ་པ་ཉིད་མ་ལགས། །​རང་བྱང་ཆུབ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། རང་བྱང་ཆུབ་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་རང་བྱང་ཆུབ་མ་ལགས། །​ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་ལམ་གྱི་རྣམ་པ་ཤེས་པ་ཉིད་མ་ལགས། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ལགས། །​དེ་བཞིན་ཉིད་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། དེ་བཞིན་ཉིད་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་དེ་བཞིན་ཉིད་མ་ལགས། །​མ་ནོར་བ་དེ་བཞིན་ཉིད་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། མ་ནོར་བ་དེ་བཞིན་ཉིད་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ། མ་ནོར་བ་དེ་བཞིན་ཉིད་མ་ལགས། །​གཞན་མ་ཡིན་པའི་དེ་བཞིན་ཉིད་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། གཞན་མ་ཡིན་པའི་དེ་བཞིན་ཉིད་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་གཞན་མ་ཡིན་པའི་དེ་བཞིན་ཉིད་མ་ལགས། ཆོས་ཉིད་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། ཆོས་ཉིད་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་ཆོས་ཉིད་མ་ལགས། །​ཆོས་ཀྱི་དབྱིངས་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། ཆོས་ཀྱི་དབྱིངས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6683#UT22084-014-001-6683