Degé Kangyur volume 15, F.17.b

གཤེགས་པའི་སྟོབས་བཅུའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་མ་ལགས། །​མྱི་འཇིགས་པ་བཞི་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། མྱི་འཇིགས་པ་བཞིའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་མྱི་འཇིགས་པ་བཞི་མ་ལགས། །​སོ་སོ་ཡང་དག་པར་རིག་པ་བཞི་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། སོ་སོ་ཡང་དག་པར་རིག་པ་བཞིའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་སོ་སོ་ཡང་དག་པར་རིག་པ་བཞི་མ་ལགས། །​སྙིང་རྗེ་ཆེན་པོ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། སྙིང་རྗེ་ཆེན་པོའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་སྙིང་རྗེ་ཆེན་པོ་མ་ལགས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་མ་ལགས། །​རྒྱུན་ཏུ་ཞུགས་པའི་འབྲས་བུ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། རྒྱུན་ཏུ་ཞུགས་པའི་འབྲས་བུའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་རྒྱུན་ཏུ་ཞུགས་པའི་འབྲས་བུ་མ་ལགས། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མ་ལགས། །​ཕྱིར་མྱི་འོང་བའི་འབྲས་བུ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། ཕྱིར་མྱི་འོང་བའི་འབྲས་བུའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་ཕྱིར་མྱི་འོང་བའི་འབྲས་བུ་མ་ལགས། །​དགྲ་བཅོམ་པ་ཉིད་ནི་ཡོངས་སུ་བཟུང་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6682#UT22084-014-001-6682