Degé Kangyur volume 17, F.226.b

མ་སྐྱེས་པ་ཡང་གཞན་མ་ཡིན་ཏེ། མ་སྐྱེས་པ་ཉིད་ཀྱང་མ་རིག་པ། མ་རིག་པ་ཉིད་ཀྱང་མ་སྐྱེས་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། གང་འདི་མ་རིག་པ་ཞེས་བྱ་བ་དེ་ནི་གཉིས་སུ་མྱེད་པའི་གྲངས་སུ་བྱས་པའོ། །​འདི་ལྟར་འདུ་བྱེད་ཀྱང་གཞན་མ་ཡིན། མ་སྐྱེས་པ་ཡང་གཞན་མ་ཡིན་ཏེ། མ་སྐྱེས་པ་ཉིད་ཀྱང་འདུ་བྱེད། འདུ་བྱེད་ཉིད་ཀྱང་མ་སྐྱེས་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། གང་འདི་འདུ་བྱེད་ཅེས་བྱ་བ་དེ་ནི་གཉིས་སུ་མྱེད་པའི་གྲངས་སུ་བྱས་པའོ། །​འདི་ལྟར་རྣམ་པར་ཤེས་པ་ཡང་གཞན་མ་ཡིན། མ་སྐྱེས་པ་ཡང་གཞན་མ་ཡིན་ཏེ། མ་སྐྱེས་པ་ཉིད་ཀྱང་རྣམ་པར་ཤེས་པ། རྣམ་པར་ཤེས་པ་ཉིད་ཀྱང་མ་སྐྱེས་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། གང་འདི་རྣམ་པར་ཤེས་པ་ཞེས་བྱ་བ་དེ་ནི་གཉིས་སུ་མྱེད་པའི་གྲངས་སུ་བྱས་པའོ། །​འདི་ལྟར་མྱིང་དང་གཟུགས་ཀྱང་གཞན་མ་ཡིན། མ་སྐྱེས་པ་ཡང་གཞན་མ་ཡིན་ཏེ། མ་སྐྱེས་པ་ཉིད་ཀྱང་མྱིང་དང་གཟུགས། མྱིང་དང་གཟུགས་ཉིད་ཀྱང་མ་སྐྱེས་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། གང་འདི་མྱིང་དང་གཟུགས་ཞེས་བྱ་བ་དེ་ནི་གཉིས་སུ་མྱེད་པའི་གྲངས་སུ་བྱས་པའོ། །​འདི་ལྟར་སྐྱེ་མཆེད་དྲུག་ཀྱང་གཞན་མ་ཡིན། མ་སྐྱེས་པ་ཡང་གཞན་མ་ཡིན་ཏེ། མ་སྐྱེས་པ་ཉིད་ཀྱང་སྐྱེ་མཆེད་དྲུག །​སྐྱེ་མཆེད་དྲུག་ཉིད་ཀྱང་མ་སྐྱེས་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། གང་འདི་སྐྱེ་མཆེད་དྲུག་ཅེས་བྱ་བ་དེ་ནི་གཉིས་སུ་མྱེད་པའི་གྲངས་སུ་བྱས་པའོ། །​འདི་ལྟར་རེག་པ་ཡང་གཞན་མ་ཡིན། མ་སྐྱེས་པ་ཡང་གཞན་མ་ཡིན་ཏེ། མ་སྐྱེས་པ་ཉིད་ཀྱང་རེག་པ་རེག་པ་ཉིད་ཀྱང་མ་སྐྱེས་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། གང་འདི་རེག་པ་ཞེས་བྱ་བ་དེ་ནི་གཉིས་སུ་མྱེད་པའི་གྲངས་སུ་བྱས་པའོ། །​འདི་ལྟར་ཚོར་བ་ཡང་གཞན་མ་ཡིན། མ་སྐྱེས་པ་ཡང་གཞན་མ་ཡིན་ཏེ། མ་སྐྱེས་པ་ཉིད་ཀྱང་ཚོར་བ་ཚོར་བ་ཉིད་ཀྱང་མ་སྐྱེས་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10669#UT22084-014-001-10669