Degé Kangyur volume 17, F.227.a

གང་འདི་ཚོར་བ་ཞེས་བྱ་བ་དེ་ནི་གཉིས་སུ་མྱེད་པའི་གྲངས་སུ་བྱས་པའོ། །​འདི་ལྟར་སྲེད་པ་ཡང་གཞན་མ་ཡིན། མ་སྐྱེས་པ་ཡང་གཞན་མ་ཡིན་ཏེ། མ་སྐྱེས་པ་ཉིད་ཀྱང་སྲེད་པ། སྲེད་པ་ཉིད་ཀྱང་མ་སྐྱེས་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། གང་འདི་སྲེད་པ་ཞེས་བྱ་བ་དེ་ནི་གཉིས་སུ་མྱེད་པའི་གྲངས་སུ་བྱས་པའོ། །​འདི་ལྟར་ལེན་པ་ཡང་གཞན་མ་ཡིན། མ་སྐྱེས་པ་ཡང་གཞན་མ་ཡིན་ཏེ། མ་སྐྱེས་པ་ཉིད་ཀྱང་ལེན་པ། ལེན་པ་ཉིད་ཀྱང་མ་སྐྱེས་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། གང་འདི་ལེན་པ་ཞེས་བྱ་བ་དེ་ནི་གཉིས་སུ་མྱེད་པའི་གྲངས་སུ་བྱས་པའོ། །​འདི་ལྟར་སྲིད་པ་ཡང་གཞན་མ་ཡིན། མ་སྐྱེས་པ་ཡང་གཞན་མ་ཡིན་ཏེ། མ་སྐྱེས་པ་ཉིད་ཀྱང་སྲིད་པ། སྲིད་པ་ཉིད་ཀྱང་མ་སྐྱེས་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། གང་འདི་སྲིད་པ་ཞེས་བྱ་བ་དེ་ནི་གཉིས་སུ་མྱེད་པའི་གྲངས་སུ་བྱས་པའོ། །​འདི་ལྟར་སྐྱེ་བ་ཡང་གཞན་མ་ཡིན། མ་སྐྱེས་པ་ཡང་གཞན་མ་ཡིན་ཏེ། མ་སྐྱེས་པ་ཉིད་ཀྱང་སྐྱེ་བ། སྐྱེ་བ་ཉིད་ཀྱང་མ་སྐྱེས་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། གང་འདི་སྐྱེ་བ་ཞེས་བྱ་བ་དེ་ནི་གཉིས་སུ་མྱེད་པའི་གྲངས་སུ་བྱས་པའོ། །​འདི་ལྟར་རྒ་ཤི་ཡང་གཞན་མ་ཡིན། མ་སྐྱེས་པ་ཡང་གཞན་མ་ཡིན་ཏེ། མ་སྐྱེས་པ་ཉིད་ཀྱང་རྒ་ཤི། རྒ་ཤི་ཉིད་ཀྱང་མ་སྐྱེས་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། གང་འདི་རྒ་ཤི་ཞེས་བྱ་བ་དེ་ནི་གཉིས་སུ་མྱེད་པའི་གྲངས་སུ་བྱས་པའོ། །​འདི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་མ་ཡིན། མ་སྐྱེས་པ་ཡང་གཞན་མ་ཡིན་ཏེ། མ་སྐྱེས་པ་ཉིད་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་མ་སྐྱེས་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། གང་འདི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དེ་ནི་གཉིས་སུ་མྱེད་པའི་གྲངས་སུ་བྱས་པའོ། །​འདི་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10670#UT22084-014-001-10670