Degé Kangyur volume 17, F.226.a

ཀྱང་གཞན་མ་ཡིན། མ་སྐྱེས་པ་ཡང་གཞན་མ་ཡིན་ཏེ། མ་སྐྱེས་པ་ཉིད་ཀྱང་སའི་ཁམས་སའི་ཁམས་ཉིད་ཀྱང་མ་སྐྱེས་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། གང་འདི་སའི་ཁམས་ཞེས་བྱ་བ་དེ་ནི་གཉིས་སུ་མྱེད་པའི་གྲངས་སུ་བྱས་པའོ། །​འདི་ལྟར་ཆུའི་ཁམས་ཀྱང་གཞན་མ་ཡིན། མ་སྐྱེས་པ་ཡང་གཞན་མ་ཡིན་ཏེ། མ་སྐྱེས་པ་ཉིད་ཀྱང་ཆུའི་ཁམས་ཆུའི་ཁམས་ཉིད་ཀྱང་མ་སྐྱེས་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། གང་འདི་ཆུའི་ཁམས་ཞེས་བྱ་བ་དེ་ནི་གཉིས་སུ་མྱེད་པའི་གྲངས་སུ་བྱས་པའོ། །​འདི་ལྟར་མྱེའི་ཁམས་ཀྱང་གཞན་མ་ཡིན། མ་སྐྱེས་པ་ཡང་གཞན་མ་ཡིན་ཏེ། མ་སྐྱེས་པ་ཉིད་ཀྱང་མྱེའི་ཁམས་མེའི་ཁམས་ཉིད་ཀྱང་མ་སྐྱེས་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། གང་འདི་མེའི་ཁམས་ཞེས་བྱ་བ་དེ་ནི་གཉིས་སུ་མྱེད་པའི་གྲངས་སུ་བྱས་པའོ། །​འདི་ལྟར་རླུང་གི་ཁམས་ཀྱང་གཞན་མ་ཡིན། མ་སྐྱེས་པ་ཡང་གཞན་མ་ཡིན་ཏེ། མ་སྐྱེས་པ་ཉིད་ཀྱང་རླུང་གི་ཁམས་རླུང་གི་ཁམས་ཉིད་ཀྱང་མ་སྐྱེས་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། གང་འདི་རླུང་གི་ཁམས་ཞེས་བྱ་བ་དེ་ནི་གཉིས་སུ་མྱེད་པའི་གྲངས་སུ་བྱས་པའོ། །​འདི་ལྟར་ནམ་མཁའི་ཁམས་ཀྱང་གཞན་མ་ཡིན། མ་སྐྱེས་པ་ཡང་གཞན་མ་ཡིན་ཏེ། མ་སྐྱེས་པ་ཉིད་ཀྱང་ནམ་མཁའི་ཁམས་ནམ་མཁའི་ཁམས་ཉིད་ཀྱང་མ་སྐྱེས་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། གང་འདི་ནམ་མཁའི་ཁམས་ཞེས་བྱ་བ་དེ་ནི་གཉིས་སུ་མྱེད་པའི་གྲངས་སུ་བྱས་པའོ། །​འདི་ལྟར་རྣམ་པར་ཤེས་པའི་ཁམས་ཀྱང་གཞན་མ་ཡིན། མ་སྐྱེས་པ་ཡང་གཞན་མ་ཡིན་ཏེ། མ་སྐྱེས་པ་ཉིད་ཀྱང་རྣམ་པར་ཤེས་པའི་ཁམས། རྣམ་པར་ཤེས་པའི་ཁམས་ཉིད་ཀྱང་མ་སྐྱེས་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། གང་འདི་རྣམ་པར་ཤེས་པའི་ཁམས་ཞེས་བྱ་བ་དེ་ནི་གཉིས་སུ་མྱེད་པའི་གྲངས་སུ་བྱས་པའོ། །​འདི་ལྟར་མ་རིག་པ་ཡང་གཞན་མ་ཡིན།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10668#UT22084-014-001-10668