Degé Kangyur volume 16, F.319.b

ན། སྟོང་པ་ཉིད་ལ་འདས་པའི་འདུ་བྱེད་དམྱིགས་པར་འགྱུར་བ་ལྟ་ཅི་ཞིག་སྨོས། རབ་འབྱོར་འདས་པའི་རྣམ་པར་ཤེས་པ་ནི་འདས་པའི་རྣམ་པར་ཤེས་པས་སྟོང་ངོ་། །​དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་འདས་པའི་རྣམ་པར་ཤེས་པ་དམྱིགས་སུ་མྱེད་དེ། སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཀྱིས་སྟོང་པས་དམྱིགས་སུ་མྱེད་ན། སྟོང་པ་ཉིད་ལ་འདས་པའི་རྣམ་པར་ཤེས་པ་དམྱིགས་པར་འགྱུར་བ་ལྟ་ཅི་ཞིག་སྨོས། རབ་འབྱོར་མ་འོངས་པའི་གཟུགས་ནི་མ་འོངས་པའི་གཟུགས་ཀྱིས་སྟོང་ངོ་། །​དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལམ་འོངས་པའི་གཟུགས་དམྱིགས་སུ་མྱེད་དེ། སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཀྱིས་སྟོང་པས་དམྱིགས་སུ་མྱེད་ན། སྟོང་པ་ཉིད་ལ་མ་འོངས་པའི་གཟུགས་དམྱིགས་པར་འགྱུར་བ་ལྟ་ཅི་ཞིག་སྨོས། རབ་འབྱོར་མ་འོངས་པའི་ཚོར་བ་ནི། མ་འོངས་པའི་ཚོར་བས་སྟོང་ངོ་། །​དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་མ་འོངས་པའི་ཚོར་བ་དམྱིགས་སུ་མྱེད་དེ། སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཀྱིས་སྟོང་པས་དམྱིགས་སུ་མྱེད་ན། སྟོང་པ་ཉིད་ལ་མ་འོངས་པའི་ཚོར་བ་དམྱིགས་པར་འགྱུར་བ་ལྟ་ཅི་ཞིག་སྨོས། རབ་འབྱོར་མ་འོངས་པའི་འདུ་ཤེས་ནི་མ་འོངས་པའི་འདུ་ཤེས་ཀྱིས་སྟོང་ངོ་། །​དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་མ་འོངས་པའི་འདུ་ཤེས་དམྱིགས་སུ་མྱེད་དེ། སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཀྱིས་སྟོང་པས་དམྱིགས་སུ་མྱེད་ན། སྟོང་པ་ཉིད་ལ་མ་འོངས་པའི་འདུ་ཤེས་དམྱིགས་པར་འགྱུར་བ་ལྟ་ཅི་ཞིག་སྨོས། རབ་འབྱོར་མ་འོངས་པའི་འདུ་བྱེད་ནི་མ་འོངས་པའི་འདུ་བྱེད་ཀྱིས་སྟོང་ངོ་། །​དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་མ་འོངས་པའི་འདུ་བྱེད་དམྱིགས་སུ་མྱེད་དེ། སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཀྱིས་སྟོང་པས་དམྱིགས་སུ་མྱེད་ན། སྟོང་པ་ཉིད་ལ་མ་འོངས་པའི་འདུ་བྱེད་དམྱིགས་པར་འགྱུར་བ་ལྟ་ཅི་ཞིག་སྨོས། རབ་འབྱོར་མ་འོངས་པའི་རྣམ་པར་ཤེས་པ་ནི་མ་འོངས་པའི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10087#UT22084-014-001-10087