Degé Kangyur volume 16, F.320.a

རྣམ་པར་ཤེས་པས་སྟོང་ངོ་། །​དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལམ་འོངས་པའི་རྣམ་པར་ཤེས་པ་དམྱིགས་སུ་མྱེད་དེ། སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཀྱིས་སྟོང་པས་དམྱིགས་སུ་མྱེད་ན། སྟོང་པ་ཉིད་ལ་མ་འོངས་པའི་རྣམ་པར་ཤེས་པ་དམྱིགས་པར་འགྱུར་བ་ལྟ་ཅི་ཞིག་སྨོས། རབ་འབྱོར་ད་ལྟར་བྱུང་བའི་གཟུགས་ནི་ད་ལྟར་བྱུང་བའི་གཟུགས་ཀྱིས་སྟོང་ངོ་། །​དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་དེ་ལྟར་བྱུང་བའི་གཟུགས་དམྱིགས་སུ་མྱེད་དེ། སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཀྱིས་སྟོང་པས་དམྱིགས་སུ་མྱེད་ན། སྟོང་པ་ཉིད་ལ་ད་ལྟར་བྱུང་བའི་གཟུགས་དམྱིགས་པར་འགྱུར་བ་ལྟ་ཅི་ཞིག་སྨོས། རབ་འབྱོར་ད་ལྟར་བྱུང་བའི་ཚོར་བ་ནི་ད་ལྟར་བྱུང་བའི་ཚོར་བས་སྟོང་ངོ་། །​དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་ད་ལྟར་བྱུང་བའི་ཚོར་བ་དམྱིགས་སུ་མྱེད་དེ། སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཀྱིས་སྟོང་པས་དམྱིགས་སུ་མྱེད་ན། སྟོང་པ་ཉིད་ལ་ད་ལྟར་བྱུང་བའི་ཚོར་བ་དམྱིགས་པར་འགྱུར་བ་ལྟ་ཅི་ཞིག་སྨོས། རབ་འབྱོར་ད་ལྟར་བྱུང་བའི་འདུ་ཤེས་ནི་ད་ལྟར་བྱུང་བའི་འདུ་ཤེས་ཀྱིས་སྟོང་ངོ་། །​དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་ད་ལྟར་བྱུང་བའི་འདུ་ཤེས་དམྱིགས་སུ་མྱེད་དེ། སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཀྱིས་སྟོང་པས་དམྱིགས་སུ་མྱེད་ན། སྟོང་པ་ཉིད་ལ་ད་ལྟར་བྱུང་བའི་འདུ་ཤེས་དམྱིགས་པར་འགྱུར་བ་ལྟ་ཅི་ཞིག་སྨོས། རབ་འབྱོར་ད་ལྟར་བྱུང་བའི་འདུ་བྱེད་ནི་དུ་ལྟར་བྱུང་བའི་འདུ་བྱེད་ཀྱིས་སྟོང་ངོ་། །​དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་ད་ལྟར་བྱུང་བའི་འདུ་བྱེད་དམྱིགས་སུ་མྱེད་དེ། སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཀྱིས་སྟོང་པས་དམྱིགས་སུ་མྱེད་ན། སྟོང་པོ་ཉིད་ལ་ད་ལྟར་བྱུང་བའི་འདུ་བྱེད་དམྱིགས་པར་འགྱུར་བ་ལྟ་ཅི་ཞིག་སྨོས། རབ་འབྱོར་ད་ལྟར་བྱུང་བའི་རྣམ་པར་ཤེས་པ་ནི་ད་ལྟར་བྱུང་བའི་རྣམ་པར་ཤེས་པས་སྟོང་ངོ་། །​དེ་ཅིའི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10088#UT22084-014-001-10088