Degé Kangyur volume 16, F.319.a

དམྱིགས་སོ། །​བདག་དང་བདག་མྱེད་པ་ཡང་མི་དམྱིགས་སོ། །​ཞི་བ་དང་མ་ཞི་བ་ཡང་མྱི་དམྱིགས་སོ། །​འདོད་པའི་ཁམས་དང་འདོད་པའི་ཁམས་ལས་ཡང་དག་པར་འདའ་བ་ཡང་མྱི་དམྱིགས་སོ། །​གཟུགས་ཀྱི་ཁམས་དང་གཟུགས་ཀྱི་ཁམས་ལས་ཡང་དག་པར་འདའ་བ་ཡང་མྱི་དམྱིགས་སོ། །​གཟུགས་མྱེད་པའི་ཁམས་དང་གཟུགས་མྱེད་པའི་ཁམས་ལས་ཡང་དག་པར་འདའ་བ་ཡང་མྱི་དམྱིགས་སོ། །​འཁོར་བ་དང་མྱ་ངན་ལས་འདའ་བ་ཡང་མྱི་དམྱིགས་སོ། །​དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེའི་རང་བཞིན་མྱི་དམྱིགས་པའི་ཕྱིར་ཏེ། རབ་འབྱོར་འདས་པའི་གཟུགས་ནི་འདས་པའི་གཟུགས་ཀྱིས་སྟོང་ངོ་། །​དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་འདས་པའི་གཟུགས་དམྱིགས་སུ་མྱེད་དེ། སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཀྱིས་སྟོང་པས་དམྱིགས་སུ་མྱེད་ན། སྟོང་པ་ཉིད་ལ་འདས་པའི་གཟུགས་དམྱིགས་པར་འགྱུར་བ་ལྟ་ཅི་ཞིག་སྨོས། རབ་འབྱོར་འདས་པའི་ཚོར་བ་ནི་འདས་པའི་ཚོར་བས་སྟོང་ངོ་། །​དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་འདས་པའི་ཚོར་བ་དམྱིགས་སུ་མྱེད་དེ། སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཀྱིས་སྟོང་པས་དམྱིགས་སུ་མྱེད་ན། སྟོང་པ་ཉིད་ལ་འདས་པའི་ཚོར་བ་དམྱིགས་པར་འགྱུར་བ་ལྟ་ཅི་ཞིག་སྨོས། རབ་འབྱོར་འདས་པའི་འདུ་ཤེས་ནི་འདས་པའི་འདུ་ཤེས་ཀྱིས་སྟོང་ངོ་། །​དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་འདས་པའི་འདུ་ཤེས་དམྱིགས་སུ་མྱེད་དེ། སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཀྱིས་སྟོང་པས་དམྱིགས་སུ་མྱེད་ན། སྟོང་པ་ཉིད་ལ་འདས་པའི་འདུ་ཤེས་དམྱིགས་པར་འགྱུར་བ་ལྟ་ཅི་ཞིག་སྨོས། རབ་འབྱོར་འདས་པའི་འདུ་བྱེད་ནི་འདས་པའི་འདུ་བྱེད་ཀྱིས་སྟོང་ངོ་། །​དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་འདས་པའི་འདུ་བྱེད་དམྱིགས་སུ་མྱེད་དེ། སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཀྱིས་སྟོང་པས་དམྱིགས་སུ་མྱེད་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10086#UT22084-014-001-10086