Degé Kangyur volume 16, F.318.b

ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་འདས་པའི་དུས་ཀྱང་འདས་པའི་དུས་ཀྱིས་སྟོང་ངོ་། །​མ་འོངས་པའི་དུས་ཀྱང་མ་འོངས་པའི་དུས་ཀྱིས་སྟོང་ངོ་། །​ད་ལྟར་བྱུང་བའི་དུས་ཀྱང་ད་ལྟར་བྱུང་བའི་དུས་ཀྱིས་སྟོང་ངོ་། །​དུས་གསུམ་མཉམ་པ་ཉིད་ཀྱང་དུས་གསུམ་མཉམ་པ་ཉིད་ཀྱིས་སྟོང་ངོ་། །​ཐེག་པ་ཆེན་པོ་ཡང་ཐེག་པ་ཆེན་པོས་སྟོང་ངོ་། །​བྱང་ཆུབ་སེམས་དཔའ་ཡང་བྱང་ཆུབ་སེམས་དཔས་སྟོང་སྟེ། རབ་འབྱོར་སྟོང་པ་ཉིད་ལ་གཅིག་ཅེས་བྱ་བ་མྱེད་དོ། །​གཉིས་ཞེས་བྱ་བ་མྱེད་དོ། །གསུམ་ཞེས་བྱ་བ་མྱེད་དོ། །​བཞི་ཞེས་བྱ་བ་མྱེད་དོ། །​ལྔ་ཞེས་བྱ་བ་མྱེད་དོ། །​དྲུག་ཅེས་བྱ་བ་མྱེད་དོ། །​བདུན་ཞེས་བྱ་བ་མྱེད་དོ། །​བརྒྱད་ཅེས་བྱ་བ་མྱེད་དོ། །​དགུ་ཞེས་བྱ་བ་མྱེད་དོ། །​བཅུ་ཞེས་བྱ་བ་མྱེད་དོ། །​ཐ་དད་ཅེས་བྱ་བ་མྱེད་དོ། །​དེ་བས་ན་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་ཀྱི་ཐེག་པ་སྟེ། དེ་ལ་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །​དེ་ལ་འདོད་ཆགས་དང་། འདོད་ཆགས་དང་བྲལ་བ་ཡང་མྱི་དམྱིགས་སོ། །​ཞེ་སྡང་དང་ཞེ་སྡང་མྱེད་པ་ཡང་མྱི་དམྱིགས་སོ། །​གཏི་མུག་དང་གཏི་མུག་མྱེད་པ་ཡང་མྱི་དམྱིགས་སོ། །​མྱིང་དང་མྱིང་མྱེད་པ་ཡང་མྱི་དམྱིགས་སོ། །​འདུས་བྱས་དང་འདུས་མ་བྱས་ཀྱང་མྱི་དམྱིགས་སོ། །​དགེ་བ་དང་མྱི་དགེ་བ་ཡང་མྱི་དམྱིགས་སོ། །​ཁ་ན་མ་ཐོ་བ་ཡོད་པ་དང་། ཁ་ན་མ་ཐོ་བ་མྱེད་པ་ཡང་མྱི་དམྱིགས་སོ། །​ཟག་པ་དང་བཅས་པ་དང་། ཟག་པ་མྱེད་པ་ཡང་མྱི་དམྱིགས་སོ། །​ཀུན་ནས་ཉོན་མོངས་པ་དང་ཀུན་ནས་ཉོན་མོངས་པ་མྱེད་པ་ཡང་མྱི་དམྱིགས་སོ། །​འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཡང་མྱི་དམྱིགས་སོ། །​སྐྱེ་བ་དང་འགག་པ་ཡང་མྱི་དམྱིགས་སོ། །​ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཡང་མྱི་དམྱིགས་སོ། །​དེ་ལ་རྟག་པ་དང་མྱི་རྟག་པ་ཡང་མྱི་དམྱིགས་སོ། །​བདེ་བ་དང་སྡུག་བསྔལ་བ་ཡང་མྱི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10791#UT22084-014-001-10791