Degé Kangyur volume 15, F.261.b

རྣམས་སོ། །​བྱང་ཆུབ་ཀྱི་ཡན་ལག་གི་སྟོང་པ་ཉིད་ཀྱིས། བྱང་ཆུབ་ཀྱི་ཡན་ལག་རྣམས་སྟོང་པ་མ་ཡིན་གྱི། བྱང་ཆུབ་ཀྱི་ཡན་ལག་ཉིད་ཀྱང་སྟོང་པ་ཉིད་དོ། །​སྟོང་པ་ཉིད་ཀྱང་བྱང་ཆུབ་ཀྱི་ཡན་ལག་རྣམས་སོ། །​འཕགས་པའི་ལམ་ཡན་ལག་བརྒྱད་པའི་སྟོང་པ་ཉིད་ཀྱིས། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟོང་པ་མ་ཡིན་གྱི། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཉིད་ཀྱང་སྟོང་པ་ཉིད་དོ། །​སྟོང་པ་ཉིད་ཀྱང་འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །​འཕགས་པའི་བདེན་པའི་སྟོང་པ་ཉིད་ཀྱིས། འཕགས་པའི་བདེན་པ་རྣམས་སྟོང་པ་མ་ཡིན་གྱི། འཕགས་པའི་བདེན་པ་ཉིད་ཀྱང་སྟོང་པ་ཉིད་དོ། །​སྟོང་པ་ཉིད་ཀྱང་འཕགས་པའི་བདེན་པ་རྣམས་སོ། །​བསམ་གཏན་གྱི་སྟོང་པ་ཉིད་ཀྱིས། བསམ་གཏན་རྣམས་སྟོང་པ་མ་ཡིན་གྱི། བསམ་གཏན་ཉིད་ཀྱང་སྟོང་པ་ཉིད་དོ། །​སྟོང་པ་ཉིད་ཀྱང་བསམ་གཏན་རྣམས་སོ། །​ཚད་མྱེད་པའི་སྟོང་པ་ཉིད་ཀྱིས། ཚད་མྱེད་པ་རྣམས་སྟོང་པ་མ་ཡིན་གྱི། ཚད་མྱེད་པ་ཉིད་ཀྱང་སྟོང་པ་ཉིད་དོ། །​སྟོང་པ་ཉིད་ཀྱང་ཚད་མྱེད་པ་རྣམས་སོ། །​གཟུགས་མྱེད་པའི་སྙོམས་པར་འཇུག་པའི་སྟོང་པ་ཉིད་ཀྱིས་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སྟོང་པ་མ་ཡིན་གྱི། གཟུགས་མེད་པའི་སྙོམས་པར་འཇུག་པ་ཉིད་ཀྱང་སྟོང་པ་ཉིད་དོ། །​སྟོང་པ་ཉིད་ཀྱང་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སོ། །​རྣམ་པར་ཐར་པ་བརྒྱད་ཀྱི་སྟོང་པ་ཉིད་ཀྱིས། རྣམ་པར་ཐར་པ་རྣམས་སྟོང་པ་མ་ཡིན་གྱི། རྣམ་པར་ཐར་པ་ཉིད་ཀྱང་སྟོང་པ་ཉིད་དོ། །​སྟོང་པ་ཉིད་ཀྱང་རྣམ་པར་ཐར་པ་རྣམས་སོ། །​མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་སྟོང་པ་ཉིད་ཀྱིས། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སྟོང་པ་མ་ཡིན་གྱི། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་ཉིད་ཀྱང་སྟོང་པ་ཉིད་དོ། །​སྟོང་པ་ཉིད་ཀྱང་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སོ། །​རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་སྟོང་པ་ཉིད་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-7169#UT22084-014-001-7169