Degé Kangyur volume 15, F.261.a

མཚན་ཉིད་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་དོ། །​སྟོང་པ་ཉིད་ཀྱང་རང་གི་མཚན་ཉིད་སྟོང་པ་ཉིད་དོ། །​མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་ཀྱིས། མྱི་དམྱིགས་པ་སྟོང་པ་ཉིད་སྟོང་པ་མ་ཡིན་གྱི། མྱི་དམྱིགས་པ་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་དོ། །​སྟོང་པ་ཉིད་ཀྱང་མྱི་དམྱིགས་པ་སྟོང་པ་ཉིད་དོ། །​དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་ཀྱིས། དངོས་པོ་མྱེད་པ་སྟོང་པ་ཉིད་སྟོང་པ་མ་ཡིན་གྱི། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་དོ། །​སྟོང་པ་ཉིད་ཀྱང་དངོས་པོ་མྱེད་པ་སྟོང་པ་ཉིད་དོ། །​ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་ཀྱིས། ངོ་བོ་ཉིད་སྟོང་པ་ཉིད་སྟོང་པ་མ་ཡིན་གྱི། ངོ་བོ་ཉིད་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་དོ། །​སྟོང་པ་ཉིད་ཀྱང་ངོ་བོ་ཉིད་སྟོང་པ་ཉིད་དོ། །​དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་ཀྱིས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྟོང་པ་མ་ཡིན་གྱི། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་དོ། །​སྟོང་པ་ཉིད་ཀྱང་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །​དྲན་པ་ཉེ་བར་གཞག་པའི་སྟོང་པ་ཉིད་ཀྱིས། དྲན་པ་ཉེ་བར་གཞག་པ་རྣམས་སྟོང་པ་མ་ཡིན་གྱི། དྲན་པ་ཉེ་བར་གཞག་པ་ཉིད་ཀྱང་སྟོང་པ་ཉིད་དོ། །​སྟོང་པ་ཉིད་ཀྱང་དྲན་པ་ཉེ་བར་གཞག་པ་རྣམས་སོ། །​ཡང་དག་པར་སྤོང་བའི་སྟོང་པ་ཉིད་ཀྱིས། ཡང་དག་པར་སྤོང་བ་རྣམས་སྟོང་པ་མ་ཡིན་གྱི། ཡང་དག་པར་སྤོང་བ་ཉིད་ཀྱང་སྟོང་པ་ཉིད་ངོ་། །​སྟོང་པ་ཉིད་ཀྱང་ཡང་དག་པར་སྤོང་བ་རྣམས་སོ། །​རྫུ་འཕྲུལ་གྱི་རྐང་པའི་སྟོང་པ་ཉིད་ཀྱིས། རྫུ་འཕྲུལ་གྱི་རྐང་པ་རྣམས་སྟོང་པ་མ་ཡིན་གྱི། རྫུ་འཕྲུལ་གྱི་རྐང་པ་ཉིད་ཀྱང་སྟོང་པ་ཉིད་དོ། །​སྟོང་པ་ཉིད་ཀྱང་རྫུ་འཕྲུལ་གྱི་རྐང་པ་རྣམས་སོ། །​དབང་པོའི་སྟོང་པ་ཉིད་ཀྱིས། དབང་པོ་རྣམས་སྟོང་པ་མ་ཡིན་གྱི། དབང་པོ་ཉིད་ཀྱང་སྟོང་པ་ཉིད་དོ། །​སྟོང་པ་ཉིད་ཀྱང་དབང་པོ་རྣམས་སོ། །​སྟོབས་ཀྱི་སྟོང་པ་ཉིད་ཀྱིས། སྟོབས་རྣམས་སྟོང་པ་མ་ཡིན་གྱི། སྟོབས་ཉིད་ཀྱང་སྟོང་པ་ཉིད་དོ། །​སྟོང་པ་ཉིད་ཀྱང་སྟོབས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-7168#UT22084-014-001-7168