Degé Kangyur volume 15, F.262.a

ཀྱིས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་སྟོང་པ་མ་ཡིན་གྱི། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཉིད་ཀྱང་སྟོང་པ་ཉིད་དོ། སྟོང་པ་ཉིད་ཀྱང་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའོ། །​མངོན་པར་ཤེས་པའི་སྟོང་པ་ཉིད་ཀྱིས། མངོན་པར་ཤེས་པ་རྣམས་སྟོང་པ་མ་ཡིན་གྱི། མངོན་པར་ཤེས་པ་ཉིད་ཀྱང་སྟོང་པ་ཉིད་དོ། །​སྟོང་པ་ཉིད་ཀྱང་མངོན་པར་ཤེས་པ་རྣམས་སོ། །​ཏིང་ངེ་འཛིན་རྣམས་ཀྱི་སྟོང་པ་ཉིད་ཀྱིས། ཏིང་ངེ་འཛིན་རྣམས་སྟོང་པ་མ་ཡིན་གྱི། །​ཏིང་ངེ་འཛིན་ཉིད་ཀྱང་སྟོང་པ་ཉིད་དོ། །​སྟོང་པ་ཉིད་ཀྱང་ཏིང་ངེ་འཛིན་རྣམས་སོ། །​གཟུངས་ཀྱི་སྒོའི་སྟོང་པ་ཉིད་ཀྱིས། གཟུངས་ཀྱི་སྒོ་རྣམས་སྟོང་པ་མ་ཡིན་གྱི། གཟུངས་ཀྱི་སྒོ་ཉིད་ཀྱང་སྟོང་པ་ཉིད་དོ། སྟོང་པ་ཉིད་ཀྱང་གཟུངས་ཀྱི་སྒོ་རྣམས་སོ། །​དེ་བཞིན་གཤེགས་པའི་སྟོབས་ཀྱི་སྟོང་པ་ཉིད་ཀྱིས། དེ་བཞིན་གཤེགས་པའི་སྟོབས་རྣམས་སྟོང་པ་མ་ཡིན་གྱི། དེ་བཞིན་གཤེགས་པའི་སྟོབས་ཉིད་ཀྱང་སྟོང་པ་ཉིད་དོ། སྟོང་པ་ཉིད་ཀྱང་དེ་བཞིན་གཤེགས་པའི་སྟོབས་རྣམས་སོ། །​མྱི་འཇིགས་པའི་སྟོང་པ་ཉིད་ཀྱིས། མྱི་འཇིགས་པ་རྣམས་སྟོང་པ་མ་ཡིན་གྱི། མྱི་འཇིགས་པ་ཉིད་ཀྱང་སྟོང་པ་ཉིད་དོ། སྟོང་པ་ཉིད་ཀྱང་མི་འཇིགས་པ་རྣམས་སོ། །​སོ་སོ་ཡང་དག་པར་རིག་པའི་སྟོང་པ་ཉིད་ཀྱིས། སོ་སོ་ཡང་དག་པར་རིག་པ་རྣམས་སྟོང་པ་མ་ཡིན་གྱི། སོ་སོ་ཡང་དག་པར་རིག་པ་ཉིད་ཀྱང་སྟོང་པ་ཉིད་དོ། །​སྟོང་པ་ཉིད་ཀྱང་སོ་སོ་ཡང་དག་པར་རིག་པ་རྣམས་སོ། །​སྙིང་རྗེ་ཆེན་པོའི་སྟོང་པ་ཉིད་ཀྱིས། སྙིང་རྗེ་ཆེན་པོ་སྟོང་པ་མ་ཡིན་གྱི། སྙིང་རྗེ་ཆེན་པོ་ཉིད་ཀྱང་སྟོང་པ་ཉིད་དོ། །​སྟོང་པ་ཉིད་ཀྱང་སྙིང་རྗེ་ཆེན་པོའོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་སྟོང་པ་ཉིད་ཀྱིས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྟོང་པ་མ་ཡིན་གྱི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཉིད་ཀྱང་སྟོང་པ་ཉིད་དོ། སྟོང་པ་ཉིད་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-7170#UT22084-014-001-7170