Degé Kangyur volume 45, F.264.b

ཆགས་མེད་རྟོག་སྤོང་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སེང་གེའི་མཐུ་རྩལ་སྤྱོད་པའི་སྟོབས་ཞེས་བྱའོ། །​འདུས་པ་ནི་ལན་བརྒྱད་ཅུ་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞི་བཞིའོ། །​སྐུ་ཚེའི་ཚད་ནི་ལོ་དགུ་ཁྲི་བརྒྱད་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་ལྷ་ཐམས་ཅད་སྐྱེ་བའི་ཡུལ་ནི་འོད་འཕྲོ་ཏོག་ཅེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་བརྒྱད་སྟོང་ངོ་། །​ཡབ་ནི་ཟླ་མཐོང་ཞེས་བྱའོ། །​ཡུམ་ནི་ཡིད་འོང་མེ་ཏོག་ཅེས་བྱའོ། །སྲས་ནི་ཐར་པའི་རྒྱན་བཀོད་པའི་རྒྱལ་པོ་ཞེས་བྱའོ། །​རིམ་གྲོ་པ་ནི་ཐར་པ་ལ་དགའ་བའི་ཏོག་ཅེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་བརྟན་པོ་གཞན་གྱིས་མི་ཐུབ་པའི་སྟོབས་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་ཀུན་ཏུ་གྲགས་ཤིང་རྣམ་པར་འཕྲུལ་པར་གྲགས་པའི་སྤོབས་པ་ཞེས་བྱའོ། །​འདུས་པ་དང་པོ་ལ་ནི་ཉན་ཐོས་བྱེ་བ་སྟོང་ཕྲག་བཅུའོ། །​གཉིས་པ་ལ་ནི་བྱེ་བ་སྟོང་ཕྲག་ཉི་ཤུའོ། །​གསུམ་པ་ལ་ནི་བྱེ་བ་སྟོང་ཕྲག་ལྔ་བཅུའོ། །​བཞི་པ་ལ་ནི་བྱེ་བ་སྟོང་ཕྲག་བརྒྱད་ཅུའོ། །​ལྔ་པ་ལ་ནི་བྱེ་བ་སྟོང་ཕྲག་བརྒྱའོ། །​སྐུ་ཚེའི་ཚད་ནི་ལོ་བདུན་ཁྲི་སུམ་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་བྱེ་བའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་བཤེས་གཉེན་ཆེན་པོ་སྐྱེ་བའི་ཡུལ་ནི་རིན་པོ་ཆེ་མཐའ་ཡས་བཀོད་པ་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་དྲུག་སྟོང་དྲུག་བརྒྱའོ། །​ཡབ་ནི་འཇིག་རྟེན་ལས་འདས་པ་ཞེས་བྱའོ། །​ཡུམ་ནི་སྒྲོན་མ་མཆོག་ཅེས་བྱའོ། །​སྲས་ནི་ལེགས་མཐོང་བཟོད་ཅེས་བྱའོ། །​རིམ་གྲོ་པ་ནི་གཟི་བརྗིད་ཕུང་པོ་མཐའ་ཡས་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་རྣམ་པར་སྣང་བྱེད་འོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དགྲ་བཅོམ་གྲགས་ཞེས་བྱའོ། །​འདུས་པ་ནི་ལན་དགུ་བཅུ་སྟེ། ཐམས་ཅད་ལ་ཡང་ཐེར་འབུམ་ཕྲག་བཅུ་དགུ་བཅུ་དགུའོ། །​སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །​དམ་པའི་ཆོས་ཀྱང་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14382#UT22084-045-001-14382