Degé Kangyur volume 45, F.259.a

འོད་ནི་དཔག་ཚད་ཁྲི་བདུན་སྟོང་ངོ་། །​ཡབ་ནི་ལྷ་མཆོད་ཅེས་བྱའོ། །​ཡུམ་ནི་མེ་ཏོག་ཅན་ཞེས་བྱའོ། །​སྲས་ནི་ཡེ་ཤེས་མཆོག་ཅེས་བྱའོ། །​རིམ་གྲོ་པ་ནི་རིན་ཆེན་མཐུ་རྩལ་ཅན་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སེང་གེའི་སྒྲ་སྒྲོགས་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཆོད་གྲགས་ཞེས་བྱའོ། །​འདུས་པ་ནི་ལན་ཉི་ཤུ་རྩ་གསུམ་སྟེ། ཐམས་ཅད་ལ་ཡང་ཐེར་འབུམ་ཕྲག་དྲུག་ཅུ་དྲུག་ཅུའོ། །​སྐུ་ཚེའི་ཚད་ནི་ལོ་བདུན་ཁྲིའོ། །​དམ་པའི་ཆོས་ནི་ལོ་བདུན་ཁྲི་བདུན་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་ཕན་པ་དང་ལྡན་པར་གཤེགས་པ་སྐྱེ་བའི་ཡུལ་ནི་སེང་གེས་བལྟས་པ་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་སྟོང་ངོ་། །​ཡབ་ནི་གཟི་བརྗིད་ཡིད་འཐད་ཅེས་བྱའོ། །​ཡུམ་ནི་རིན་ཆེན་འོད་ཅེས་བྱའོ། །​སྲས་ནི་འཇིག་རྟེན་དགའ་ཞེས་བྱའོ། །​རིམ་གྲོ་པ་ནི་བདུད་རྩིའི་སྒྲོན་མ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བདེན་སྨྲ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཕྲ་བ་སྤོང་ཞེས་བྱའོ། །​འདུས་པ་ནི་ལན་དྲུག་ཅུ་སྟེ། ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་བདུན་བདུན་ནོ། །​སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲི་དྲུག་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་དྲུག་ཁྲི་བཞི་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་བསོད་ནམས་སྒྲོན་མའི་རྒྱལ་པོ་སྐྱེ་བའི་ཡུལ་ནི་བདུད་རྩིའི་སྤོས་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་ཁྲི་ཉིས་སྟོང་ངོ་། །​ཡབ་ནི་བསོད་ནམས་ཀྱི་འབྱུང་གནས་ཞེས་བྱའོ། །​ཡུམ་ནི་མེ་ཏོག་གི་ཏོག་ཅེས་བྱའོ། །​སྲས་ནི་རིན་ཆེན་བཟང་པོ་ཞེས་བྱའོ། །​རིམ་གྲོ་པ་ནི་རིན་ཆེན་མཐའ་ཡས་བཀོད་ཅེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་དབྱངས་བྱིན་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རིན་ཆེན་མཐའ་ཡས་བཀོད་ཅེས་བྱའོ། །​འདུས་པ་ནི་ལན་བདུན་ཅུ་སྟེ། ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་བདུན་བདུན་ནོ། །​སྐུ་ཚེའི་ཚད་ནི་ལོ་བདུན་ཁྲིའོ། །​དམ་པའི་ཆོས་ཀྱང་ལོ་བདུན་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14371#UT22084-045-001-14371