Degé Kangyur volume 45, F.258.a

ཐེར་འབུམ་ཕྲག་བཅུ་འབྱུང་ངོ་། །​དེ་བཞིན་གཤེགས་པ་འབྱོར་ལྡན་གྲགས་པ་སྐྱེ་བའི་ཡུལ་ནི་རིན་པོ་ཆེ་ཐམས་ཅད་བཀོད་པ་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་སུམ་སྟོང་དྲུག་བརྒྱའོ། །​ཡབ་ནི་རིན་ཆེན་མཆོག་ཅེས་བྱའོ། །​ཡུམ་ནི་ཡོན་ཏན་རིན་ཆེན་འོད་ཅེས་བྱའོ། །​སྲས་ནི་མཆོད་འདོད་ཅེས་བྱའོ། །​རིམ་གྲོ་པ་ནི་ཀུན་ཏུ་བཟང་པོ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་རིན་པོ་ཆེ་ཏོག་གི་རྒྱལ་མཚན་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དོན་གྲུབ་བློ་གྲོས་ཞེས་བྱའོ། །​འདུས་པ་ནི་ལན་བདུན་ཅུ་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་སྟོང་སྟོང་ངོ་། །​སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲི་ལྔ་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་བདུན་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་ཡུལ་འཁོར་བཟང་པོ་སྐྱེ་བའི་ཡུལ་ནི་རིན་པོ་ཆེའི་འོད་དང་ལྡན་པ་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བརྒྱད་ཅུའོ། །​ཡབ་ནི་གཟི་བརྗིད་ལེགས་སྦས་ཞེས་བྱའོ། །​ཡུམ་ནི་མེ་ཏོག་བྱིན་ཞེས་བྱའོ། །​སྲས་ནི་བསོད་ནམས་སྟོབས་ཞེས་བྱའོ། །​རིམ་གྲོ་པ་ནི་རྫུ་འཕྲུལ་ཅན་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བདེན་པའི་ཏོག་ཅེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འཁྲུལ་པ་མེད་པར་གནས་པ་ཞེས་བྱའོ། །​འདུས་པ་ནི་ལན་བདུན་ཅུ་སྟེ། ཐམས་ཅད་ལ་ཡང་བྱེ་བ་སྟོང་ཕྲག་བཅུ་བཅུའོ། །​སྐུ་ཚེའི་ཚད་ནི་ལོ་ཉི་ཁྲིའོ། །​དམ་པའི་ཆོས་ཀྱང་ལོ་ཉི་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་མེ་ཏོག་འོད་སྐྱེ་བའི་ཡུལ་ནི་མེ་ཏོག་ཕུང་པོ་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ངོ་། །​ཡབ་ནི་ཤེད་སྐྱེས་གཙོ་བོ་ཞེས་བྱའོ། །​ཡུམ་ནི་ཟླ་སྡུག་འོད་ཅེས་བྱའོ། །​སྲས་ནི་བལྟ་བས་མཐོང་ཞེས་བྱའོ། །​རིམ་གྲོ་པ་ནི་བདུད་རྩིའི་སེམས་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་ཁ་ལོ་སྒྱུར་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མེ་ཏོག་མྱ་ངན་འཚང་ཞེས་བྱའོ། །​འདུས་པ་ནི་ལན་བཅྭ་ལྔ་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་སུམ་ཅུ་རྩ་གཉིས་གཉིས་སོ། །​སྐུ་ཚེའི་ཚད་ནི་ལོ་ཁྲི་དྲུག་སྟོང་ངོ་། །​དམ་པའི་ཆོས་ཀྱང་ལོ་ཁྲི་དྲུག་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14369#UT22084-045-001-14369