Degé Kangyur volume 45, F.221.a

རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཟླ་བས་རབ་ཏུ་བརྒྱན་པའི་འོད་ཟེར་ཞེས་བྱའོ། །​འདུས་པ་ནི་ལན་བཅུ་བཞི་སྟེ། ཐམས་ཅད་ལ་ཡང་ཐེར་འབུམ་ཕྲག་བཅུ་བཅུའོ། །​སྐུ་ཚེའི་ཚད་ནི་ལོ་བདུན་ཁྲིའོ། །​དམ་པའི་ཆོས་ཀྱང་ལོ་བདུན་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་མི་འཁྲུགས་པའི་མདོག་སྐྱེ་བའི་ཡུལ་ནི་འོད་དཔལ་མཐོ་རིས་མཆོག་ཅེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་སྟོང་གི་འཇིག་རྟེན་གྱི་ཁམས་ཙམ་མོ། །​ཡབ་ནི་གསེར་བཟངས་ངེས་འོད་གཟི་བརྗིད་རྒྱལ་པོ་ཞེས་བྱའོ། །​ཡུམ་ནི་ཡོན་ཏན་མཐའ་ཡས་བཀོད་པ་ཞེས་བྱའོ། །​སྲས་ནི་ཟླ་བས་རབ་ཏུ་བརྒྱན་པའི་གཟི་བརྗིད་འོད་ཟེར་དབྱངས་ཞེས་བྱའོ། །​རིམ་གྲོ་པ་ནི་ཡེ་ཤེས་སྟོབས་བྱེད་བཀོད་པའི་རྒྱལ་པོ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་གྱི་རྒྱ་མཚོའི་བློ་ཅན་ངེས་པར་སྟོན་པའི་བློ་གྲོས་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སྐྱོན་གྱིས་ཟིལ་གྱིས་མི་ནོན་ཞིང་བདུད་ཀྱི་དཔུང་རབ་ཏུ་ཕུང་བར་བྱེད་པའི་གཟི་བརྗིད་ཀྱི་ཁ་དོག་ཅེས་བྱའོ། །​འདུས་པ་ནི་ལན་འབུམ་སྟེ། ཐམས་ཅད་ལ་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་འབུམ་ཕྲག་བརྒྱད་ཅུ་བརྒྱད་ཅུའོ། །​སྐུ་ཚེའི་ཚད་ནི་ལོ་བདུན་ཁྲིའོ། །​དམ་པའི་ཆོས་ནི་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་གཟི་བརྗིད་རྒྱལ་པོ་སྐྱེ་བའི་ཡུལ་ནི་ཡོན་ཏན་རིན་པོ་ཆེ་བརྒྱ་སྟོང་གི་ཡན་ལག་གི་རྒྱལ་པོ་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་ས་ཡ་ཕྲག་གསུམ་མོ། །​ཡབ་ནི་གཟི་བརྗིད་མཐའ་ཡས་འོད་ཅེས་བྱའོ། །​ཡུམ་ནི་རིགས་པའི་གཟི་བྱིན་འོད་ཟེར་ཞེས་བྱའོ། །​སྲས་ནི་ཟླ་བ་དྲི་མ་མེད་པའི་ཏོག་དཔལ་རྒྱལ་མཚན་ཞེས་བྱའོ། །​རིམ་གྲོ་པ་ནི་ཡེ་ཤེས་འོད་བྱིན་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བཀོད་པ་དཔག་ཏུ་མེད་པ་སྒྲུབ་པར་སེམས་པ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འོད་ཀྱི་གཟི་བརྗིད་སངས་རྒྱས་ལས་ཡང་དག་པར་བྱུང་བ་ཞེས་བྱའོ། །​འདུས་པ་ནི་ལན་བཅུ་སྟེ། ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་དགུ་དགུའོ། །​སྐུ་ཚེའི་ཚད་ནི་ལོ་བདུན་ཁྲིའོ། །​དམ་པའི་ཆོས་ཀྱང་ལོ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14295#UT22084-045-001-14295