Degé Kangyur volume 45, F.217.a

གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་བློ་གྲོས་ཞིབ་མོ་སྐྱེ་བའི་ཡུལ་ནི་ཉམས་དགའ་བ་འབྱུང་བ་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་བདུན་བརྒྱའོ། །​ཡབ་ནི་ལུས་པ་མེད་པའི་བློ་ཞེས་བྱའོ། །​ཡུམ་ནི་ཡན་ལག་མ་སྨད་པ་ཞེས་བྱའོ། །​སྲས་ནི་ཙན་དན་དགའ་ཞེས་བྱའོ། །​རིམ་གྲོ་པ་ནི་འཇིག་རྟེན་མཆོད་ཅེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་དཔའ་བོ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དགྲ་བཅོམ་ལྷ་ཞེས་བྱའོ། །​འདུས་པ་ནི་ལན་ལྔ་བཅུ་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་བཅྭ་བརྒྱད་བཅྭ་བརྒྱད་དོ། །​སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲིའོ། །​དམ་པའི་ཆོས་ཀྱང་ལོ་དྲུག་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་གཟི་བྱིན་ཐམས་ཅད་སྐྱེ་བའི་ཡུལ་ནི་གཟི་བརྗིད་བདག་པོ་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་སྟོང་ངོ་། །​ཡབ་ནི་ཏོག་གི་འོད་ཅེས་བྱའོ། །​ཡུམ་ནི་ཡོན་ཏན་འོད་ཅེས་བྱའོ། །​སྲས་ནི་བསོད་ནམས་འོད་ཅེས་བྱའོ། །​རིམ་གྲོ་པ་ནི་སྙན་པར་གྲགས་པ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ལྷ་སེམས་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཐར་པའི་འོད་ཟེར་ཞེས་བྱའོ། །​འདུས་པ་ནི་ལན་སུམ་ཅུ་སྟེ། ཐམས་ཅད་ལ་ཡང་ཐེར་འབུམ་ཐེར་འབུམ་མོ། །​སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲི་སུམ་སྟོང་ངོ་། །​དམ་པའི་ཆོས་ཀྱང་ལོ་དྲུག་ཁྲི་སུམ་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་རྩི་སྨན་སྐྱེ་བའི་ཡུལ་ནི་མྱ་ངན་མེད་པའི་འོད་ཅེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་སྟོང་ངོ་། །​ཡབ་ནི་མིག་སྡུག་ཅེས་བྱའོ། །​ཡུམ་ནི་གློག་བྱིན་མ་ཞེས་བྱའོ། །​སྲས་ནི་བློའི་སྒྲོན་མ་ཞེས་བྱའོ། །​རིམ་གྲོ་པ་ནི་དཔལ་གྱི་བཟང་མཆོག་ཅེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་འཇིག་རྟེན་མཆོག་ཅེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཐམས་ཅད་མཐོང་ཞེས་བྱའོ། །​འདུས་པ་ནི་ལན་དྲུག་ཅུ་སྟེ། ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་དགུ་དགུའོ། །​སྐུ་ཚེའི་ཚད་ནི་ལོ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14287#UT22084-045-001-14287