Degé Kangyur volume 26, F.359.b

ཕྱིན་པ་རྟག་ཅེས་བྱ་བ་དང་མི་རྟག་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །​བདེ་ཞེས་བྱ་བ་དང་སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །​བདག་ཅེས་བྱ་བ་དང་བདག་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །​སྡུག་ཅེས་བྱ་བ་དང་མི་སྡུག་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །སྟོང་ཞེས་བྱ་བ་དང་མི་སྟོང་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །​མཚན་མ་ཡོད་ཅེས་བྱ་བ་དང་མཚན་མ་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །​སྨོན་པ་ཡོད་ཅེས་བྱ་བ་དང་སྨོན་པ་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །​ཞི་ཞེས་བྱ་བ་དང་མ་ཞི་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །​དབེན་ཞེས་བྱ་བ་དང་མི་དབེན་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །​ནང་སྟོང་པ་ཉིད་རྟག་ཅེས་བྱ་བ་དང་མི་རྟག་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །​བདེ་ཞེས་བྱ་བ་དང་སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །​བདག་ཅེས་བྱ་བ་དང་བདག་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །​སྡུག་ཅེས་བྱ་བ་དང་མི་སྡུག་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །​སྟོང་ཞེས་བྱ་བ་དང་མི་སྟོང་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །​མཚན་མ་ཡོད་ཅེས་བྱ་བ་དང་མཚན་མ་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །​སྨོན་པ་ཡོད་ཅེས་བྱ་བ་དང་སྨོན་པ་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །​ཞི་ཞེས་བྱ་བ་དང་མ་ཞི་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །​དབེན་ཞེས་བྱ་བ་དང་མི་དབེན་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །​དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་རྟག་ཅེས་བྱ་བ་དང་མི་རྟག་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །​བདེ་ཞེས་བྱ་བ་དང་སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །​བདག་ཅེས་བྱ་བ་དང་བདག་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །​སྡུག་ཅེས་བྱ་བ་དང་མི་སྡུག་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །སྟོང་ཞེས་བྱ་བ་དང་མི་སྟོང་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །​མཚན་མ་ཡོད་ཅེས་བྱ་བ་དང་མཚན་མ་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །​སྨོན་པ་ཡོད་ཅེས་བྱ་བ་དང་སྨོན་པ་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །​ཞི་ཞེས་བྱ་བ་དང་མ་ཞི་ཞེས་བྱ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7332#UT22084-026-001-7332