Degé Kangyur volume 26, F.359.a

པ་ཡོད་ཅེས་བྱ་བ་དང་སྨོན་པ་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །​ཞི་ཞེས་བྱ་བ་དང་མ་ཞི་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །​དབེན་ཞེས་བྱ་བ་དང་མི་དབེན་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །​འདུ་བྱེད་དང་རྣམ་པར་ཤེས་པ་དང་མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་རེག་པ་དང་ཚོར་བ་དང་། སྲེད་པ་དང་ལེན་པ་དང་སྲིད་པ་དང་སྐྱེ་བ་དང་རྒ་ཤི་རྟག་ཅེས་བྱ་བ་དང་མི་རྟག་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །​བདེ་ཞེས་བྱ་བ་དང་སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །​བདག་ཅེས་བྱ་བ་དང་བདག་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །​སྡུག་ཅེས་བྱ་བ་དང་མི་སྡུག་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །​སྟོང་ཞེས་བྱ་བ་དང་མི་སྟོང་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །​མཚན་མ་ཡོད་ཅེས་བྱ་བ་དང་མཚན་མ་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །སྨོན་པ་ཡོད་ཅེས་བྱ་བ་དང་སྨོན་པ་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །​ཞི་ཞེས་བྱ་བ་དང་མ་ཞི་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །​དབེན་ཞེས་བྱ་བ་དང་མི་དབེན་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །​སྦྱིན་པའི་ཕ་རོལ་དུ་ཕྱིན་པ་རྟག་ཅེས་བྱ་བ་དང་མི་རྟག་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །​བདེ་ཞེས་བྱ་བ་དང་སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །​བདག་ཅེས་བྱ་བ་དང་བདག་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །​སྡུག་ཅེས་བྱ་བ་དང་མི་སྡུག་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །​སྟོང་ཞེས་བྱ་བ་དང་མི་སྟོང་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །​མཚན་མ་ཡོད་ཅེས་བྱ་བ་དང་མཚན་མ་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །​སྨོན་པ་ཡོད་ཅེས་བྱ་བ་དང་སྨོན་པ་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །​ཞི་ཞེས་བྱ་བ་དང་མ་ཞི་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །དབེན་ཞེས་བྱ་བ་དང་མི་དབེན་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །​ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7331#UT22084-026-001-7331