Degé Kangyur volume 25, folio 389a

ལག་རྣམས་ཀྱི་མཚན་ཉིད་དམ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་མཚན་ཉིད་དམ། འཕགས་པའི་བདེན་པ་རྣམས་ཀྱི་མཚན་ཉིད་དམ། བསམ་གཏན་རྣམས་ཀྱི་མཚན་ཉིད་དམ། ཚད་མྱེད་པ་རྣམས་ཀྱི་མཚན་ཉིད་དམ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་མཚན་ཉིད་དམ། རྣམ་པར་ཐར་པ་རྣམས་ཀྱི་མཚན་ཉིད་དམ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་མཚན་ཉིད་དམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་མཚན་ཉིད་དམ། མངོན་པར་ཤེས་པ་རྣམས་ཀྱི་མཚན་ཉིད་དམ། ཏིང་ངེ་འཛིན་རྣམས་ཀྱི་མཚན་ཉིད་དམ། གཟུངས་ཀྱི་སྒོ་རྣམས་ཀྱི་མཚན་ཉིད་དམ། དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་མཚན་ཉིད་དམ། མྱི་འཇིགས་པ་རྣམས་ཀྱི་མཚན་ཉིད་དམ། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་མཚན་ཉིད་དམ། སྙིང་རྗེ་ཆེན་པོའི་མཚན་ཉིད་དམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་མཚན་ཉིད་དམ། རྒྱུན་ཏུ་ཞུགས་པའི་འབྲས་བུའི་མཚན་ཉིད་དམ། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་མཚན་ཉིད་དམ། ཕྱིར་མྱི་འོང་བའི་འབྲས་བུའི་མཚན་ཉིད་དམ། དགྲ་བཅོམ་པ་ཉིད་ཀྱི་མཚན་ཉིད་དམ། རང་བྱང་ཆུབ་ཀྱི་མཚན་ཉིད་དམ། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་མཚན་ཉིད་དམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཚན་ཉིད་དམ། རྒྱུན་ཏུ་ཞུགས་པའི་མཚན་ཉིད་དམ། ལན་ཅིག་ཕྱིར་འོང་བའི་མཚན་ཉིད་དམ། ཕྱིར་མྱི་འོང་བའི་མཚན་ཉིད་དམ། དགྲ་བཅོམ་པའི་མཚན་ཉིད་དམ། རང་སངས་རྒྱས་ཀྱི་མཚན་ཉིད་དམ། བྱང་ཆུབ་སེམས་དཔའི་མཚན་ཉིད་དམ། དེ་བཞིན་གཤེགས་པའི་མཚན་ཉིད་དམ། ཆོས་ཀྱི་མཚན་ཉིད་ཐ་དད་པར་འགྱུར་བ་དེ་ལྟ་