Degé Kangyur volume 25, folio 384a

རྣམ་པར་ཐར་པ་རྣམས་ཀྱི་ཆོས་ཉིད་ཀྱང་གཞན། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ཆོས་ཉིད་ཀྱང་གཞན། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་ཆོས་ཉིད་ཀྱང་གཞན། མངོན་པར་ཤེས་པ་རྣམས་ཀྱི་ཆོས་ཉིད་ཀྱང་གཞན། ཏིང་ངེ་འཛིན་རྣམས་ཀྱི་ཆོས་ཉིད་ཀྱང་གཞན། གཟུངས་ཀྱི་སྒོ་རྣམས་ཀྱི་ཆོས་ཉིད་ཀྱང་གཞན། དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་ཆོས་ཉིད་ཀྱང་གཞན། མྱི་འཇིགས་པ་རྣམས་ཀྱི་ཆོས་ཉིད་ཀྱང་གཞན། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་ཆོས་ཉིད་ཀྱང་གཞན། བྱམས་པ་ཆེན་པོའི་ཆོས་ཉིད་ཀྱང་གཞན། སྙིང་རྗེ་ཆེན་པོའི་ཆོས་ཉིད་ཀྱང་གཞན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་ཆོས་ཉིད་ཀྱང་གཞན། མྱི་ཆེན་པོའི་མཚན་རྣམས་ཀྱི་ཆོས་ཉིད་ཀྱང་གཞན། དཔེ་བྱད་བཟང་པོ་རྣམས་ཀྱི་ཆོས་ཉིད་ཀྱང་གཞན། འདུས་བྱས་ཀྱི་ཁམས་ཀྱི་ཆོས་ཉིད་ཀྱང་གཞན། འདུས་མ་བྱས་ཀྱི་ཁམས་ཀྱི་ཆོས་ཉིད་ཀྱང་གཞན་ན། བཅོམ་ལྡན་འདས་ཇི་ལྟར་མཚན་ཉིད་མྱི་འདྲ་བའི་ཆོས་རྣམས་ཀྱི་ཆོས་ཉིད་མཚན་ཉིད་གཅིག་པར་འགྱུར་བ་ལགས། ཆོས་རྣམ་པར་དགོད་པར་ནི་ཇི་ལྟར་འགྱུར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གང་ལ་གནས་ཤིང་ཆོས་རྣམས་ཐ་དད་དུ་བགྱིད་པ་ལགས། ཆོས་རྣམས་ཐ་དད་དུ་མ་བགྱིས་པར་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་ལ་སྤྱོད་པར་མྱི་ནུས་ན། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ས་ནས་སར་འཕར་ཞིང་སྐྱོན་མྱེད་པར་འཇུག་པ་ལགས། ཇི་ལྟར་སྐྱོན་མྱེད་པར་