Degé Kangyur volume 15, F.56.b

ལ་དོན་དམ་པ་སྟོང་པ་ཉིད་ཀྱི་མཚན་ཉིད་མྱེད་དོ། །​འདུས་བྱས་སྟོང་པ་ཉིད་ལ་འདུས་བྱས་སྟོང་པ་ཉིད་ཀྱི་མཚན་ཉིད་མྱེད་དོ། །​འདུས་མ་བྱས་སྟོང་པ་ཉིད་ལ་འདུས་མ་བྱས་སྟོང་པ་ཉིད་ཀྱི་མཚན་ཉིད་མྱེད་དོ། །​མཐའ་ལས་འདས་པ་སྟོང་པ་ཉིད་ལ་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་མཚན་ཉིད་མེད་དོ། །​ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་མཚན་ཉིད་མྱེད་དོ། །​དོར་བ་མྱེད་པ་སྟོང་པ་ཉིད་ལ་དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་མཚན་ཉིད་མྱེད་དོ། །​རང་བཞིན་སྟོང་པ་ཉིད་ལ་རང་བཞིན་སྟོང་པ་ཉིད་ཀྱི་མཚན་ཉིད་མྱེད་དོ། །​ཆོས་ཐམས་ཅད་སྟོང་པ་ཉིད་ལ་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་མཚན་ཉིད་མྱེད་དོ། །​རང་གི་མཚན་ཉིད་སྟོང་པ་ཉིད་ལ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་མཚན་ཉིད་མྱེད་དོ། །​མྱི་དམྱིགས་པ་སྟོང་པ་ཉིད་ལ་མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་མཚན་ཉིད་མྱེད་དོ། །​དངོས་པོ་མྱེད་པ་སྟོང་པ་ཉིད་ལ་དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་མཚན་ཉིད་མྱེད་དོ། །​ངོ་བོ་ཉིད་སྟོང་པ་ཉིད་ལ་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་མཚན་ཉིད་མྱེད་དོ། །​དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་མཚན་ཉིད་མྱེད་དོ། །​དྲན་པ་ཉེ་བར་གཞག་པ་རྣམས་ལ་དྲན་པ་ཉེ་བར་གཞག་པའི་མཚན་ཉིད་མྱེད་དོ། །​ཡང་དག་པར་སྤོང་བ་རྣམས་ལ་ཡང་དག་པར་སྤོང་བའི་མཚན་ཉིད་མྱེད་དོ། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་རྫུ་འཕྲུལ་གྱི་རྐང་པའི་མཚན་ཉིད་མྱེད་དོ། །​དབང་པོ་རྣམས་ལ་དབང་པོའི་མཚན་ཉིད་མེད་དོ། །​སྟོབས་རྣམས་ལ་སྟོབས་ཀྱི་མཚན་ཉིད་མྱེད་དོ། །​བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་བྱང་ཆུབ་ཀྱི་ཡན་ལག་གི་མཚན་ཉིད་མྱེད་དོ། །​འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་འཕགས་པའི་ལམ་གྱི་མཚན་ཉིད་མྱེད་དོ། །​འཕགས་པའི་བདེན་པ་རྣམས་ལ་འཕགས་པའི་བདེན་པའི་མཚན་ཉིད་མྱེད་དོ། །​བསམ་གཏན་རྣམས་ལ་བསམ་གཏན་གྱི་མཚན་ཉིད་མྱེད་དོ། །​ཚད་མྱེད་པ་རྣམས་ལ་ཚད་མྱེད་པའི་མཚན་ཉིད་མྱེད་དོ། །​གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་གཟུགས་མྱེད་པའི་སྙོམས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6760#UT22084-014-001-6760