Degé Kangyur volume 15, F.55.a

པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་ལན་ཅིག་ཕྱིར་འོང་བའི་འབྲས་བུའི་རང་བཞིན་མྱེད་པ་དང་། ཕྱིར་མི་འོང་བའི་འབྲས་བུ་ལ་ཕྱིར་མི་འོང་བའི་འབྲས་བུའི་རང་བཞིན་མྱེད་པ་དང་། དགྲ་བཅོམ་པ་ཉིད་ལ་དགྲ་བཅོམ་པ་ཉིད་ཀྱི་རང་བཞིན་མྱེད་པ་དང་། རང་བྱང་ཆུབ་ལ་རང་བྱང་ཆུབ་ཀྱི་རང་བཞིན་མྱེད་པ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་རང་བཞིན་མྱེད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རང་བཞིན་མྱེད་པ་དང་། དེ་བཞིན་ཉིད་ལ་དེ་བཞིན་ཉིད་ཀྱི་རང་བཞིན་མྱེད་པ་དང་། མ་ནོར་བ་དེ་བཞིན་ཉིད་ལ་མ་ནོར་བ་དེ་བཞིན་ཉིད་ཀྱི་རང་བཞིན་མྱེད་པ་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་ལ་གཞན་མ་ཡིན་པ་དེ་བཞིན་ཉིད་ཀྱི་རང་བཞིན་མྱེད་པ་དང་། ཆོས་ཉིད་ལ་ཆོས་ཉིད་ཀྱི་རང་བཞིན་མེད་པ་དང་། ཆོས་ཀྱི་དབྱིངས་ལ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་མྱེད་པ་དང་། ཆོས་ཀྱི་གནས་ཉིད་ལ་ཆོས་ཀྱི་གནས་ཉིད་ཀྱི་རང་བཞིན་མྱེད་པ་དང་། ཆོས་སྐྱོན་མྱེད་པ་ཉིད་ལ་ཆོས་སྐྱོན་མྱེད་པ་ཉིད་ཀྱི་རང་བཞིན་མྱེད་པ་དང་། ཡང་དག་པའི་མཐའ་ལ་ཡང་དག་པའི་མཐའི་རང་བཞིན་མྱེད་པར་ཤེས་པར་བྱའོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཞན་ཡང་གཟུགས་ལ་གཟུགས་ཀྱི་མཚན་ཉིད་མྱེད་དོ། །​ཚོར་བ་ལ་ཚོར་བའི་མཚན་ཉིད་མེད་དོ། །​འདུ་ཤེས་ལ་འདུ་ཤེས་ཀྱི་མཚན་ཉིད་མྱེད་དོ། །འདུ་བྱེད་ལ་འདུ་བྱེད་ཀྱི་མཚན་ཉིད་མྱེད་དོ། །​རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པའི་མཚན་ཉིད་མྱེད་དོ། །​མྱིག་ལ་མྱིག་གི་མཚན་ཉིད་མྱེད་དོ། །​རྣ་བ་ལ་རྣ་བའི་མཚན་ཉིད་མེད་དོ། །​སྣ་ལ་སྣའི་མཚན་ཉིད་མེད་དོ། །​ལྕེ་ལ་ལྕེའི་མཚན་ཉིད་མྱེད་དོ། །ལུས་ལ་ལུས་ཀྱི་མཚན་ཉིད་མྱེད་དོ། །​ཡིད་ལ་ཡིད་ཀྱི་མཚན་ཉིད་མྱེད་དོ། །​གཟུགས་ལ་གཟུགས་ཀྱི་མཚན་ཉིད་མྱེད་དོ། །​སྒྲ་ལ་སྒྲའི་མཚན་ཉིད་མྱེད་དོ། །​དྲི་ལ་དྲིའི་མཚན་ཉིད་མྱེད་དོ། །​རོ་ལ་རོའི་མཚན་ཉིད་མྱེད་དོ། རེག་ལ་རེག་གི་མཚན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6757#UT22084-014-001-6757