Degé Kangyur volume 15, F.54.b

པོ་རྣམས་ལ་དབང་པོའི་རང་བཞིན་མྱེད་པ་དང་། སྟོབས་རྣམས་ལ་སྟོབས་ཀྱི་རང་བཞིན་མྱེད་པ་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་བྱང་ཆུབ་ཀྱི་ཡན་ལག་གི་རང་བཞིན་མྱེད་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་འཕགས་པའི་ལམ་གྱི་རང་བཞིན་མྱེད་པ་དང་། འཕགས་པའི་བདེན་པ་རྣམས་ལ་འཕགས་པའི་བདེན་པའི་རང་བཞིན་མྱེད་པ་དང་། བསམ་གཏན་རྣམས་ལ་བསམ་གཏན་གྱི་རང་བཞིན་མྱེད་པ་དང་། ཚད་མྱེད་པ་རྣམས་ལ་ཚད་མྱེད་པའི་རང་བཞིན་མྱེད་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་གཟུགས་མྱེད་པའི་སྙོམས་པར་འཇུག་པའི་རང་བཞིན་མྱེད་པ་དང་། རྣམ་པར་ཐར་པ་བརྒྱད་ལ་རྣམ་པར་ཐར་པའི་རང་བཞིན་མེད་པ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པའི་རང་བཞིན་མྱེད་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མེད་པའི་རང་བཞིན་མེད་པ་དང་། མངོན་པར་ཤེས་པ་རྣམས་ལ། མངོན་པར་ཤེས་པའི་རང་བཞིན་མེད་པ་དང་། ཏིང་ངེ་འཛིན་རྣམས་ལ། ཏིང་ངེ་འཛིན་གྱི་རང་བཞིན་མེད་པ་དང་། གཟུངས་ཀྱི་སྒོ་རྣམས་ལ་གཟུངས་ཀྱི་སྒོའི་རང་བཞིན་མྱེད་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་དེ་བཞིན་གཤེགས་པའི་སྟོབས་ཀྱི་རང་བཞིན་མེད་པ་དང་། མྱི་འཇིགས་པ་བཞི་ལ་མྱི་འཇིགས་པའི་རང་བཞིན་མྱེད་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་ལ་སོ་སོ་ཡང་དག་པར་རིག་པའི་རང་བཞིན་མྱེད་པ་དང་། བྱམས་པ་ཆེན་པོ་ལ་བྱམས་པ་ཆེན་པོའི་རང་བཞིན་མྱེད་པ་དང་། སྙིང་རྗེ་ཆེན་པོ་ལ་སྙིང་རྗེ་ཆེན་པོའི་རང་བཞིན་མྱེད་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་རང་བཞིན་མྱེད་པ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་རྒྱུན་ཏུ་ཞུགས་པའི་འབྲས་བུའི་རང་བཞིན་མྱེད་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6756#UT22084-014-001-6756