Degé Kangyur volume 15, F.19.a

དེ་ཡང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སླད་དུ་ཡོངས་སུ་བཟུང་བ་མ་མཆིས་པའོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ལྟར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ནི་མཚན་མས་བརྗོད་པ་མ་ལགས་པ་སྟེ། དེ་ནི་འདི་ལྟར་མཚན་མ་ལས་ཉོན་མོངས་པ་འབྱུང་སྟེ། མཚན་མ་དེ་དག་གང་ཞེ་ན་གཟུགས་ནི་མཚན་མའོ། །​ཚོར་བ་ནི་མཚན་མའོ། །​འདུ་ཤེས་ནི་མཚན་མའོ། །​འདུ་བྱེད་ནི་མཚན་མའོ། །​རྣམ་པར་ཤེས་པ་ནི་མཚན་མའོ། །​མྱིག་ནི་མཚན་མའོ། །​རྣ་བ་ནི་མཚན་མའོ། །​སྣ་ནི་མཚན་མའོ། །ལྕེ་ནི་མཚན་མའོ། །​ལུས་ནི་མཚན་མའོ། །​ཡིད་ནི་མཚན་མའོ། །​གཟུགས་ནི་མཚན་མའོ། །​སྒྲ་ནི་མཚན་མའོ། །​དྲི་ནི་མཚན་མའོ། །​རོ་ནི་མཚན་མའོ། །​རེག་ནི་མཚན་མའོ། །​ཆོས་ནི་མཚན་མའོ། །​མྱིག་གི་རྣམ་པར་ཤེས་པ་ནི་མཚན་མའོ། །རྣ་བའི་རྣམ་པར་ཤེས་པ་ནི་མཚན་མའོ། །​སྣའི་རྣམ་པར་ཤེས་པ་ནི་མཚན་མའོ། །​ལྕེའི་རྣམ་པར་ཤེས་པ་ནི་མཚན་མའོ། །​ལུས་ཀྱི་རྣམ་པར་ཤེས་པ་ནི་མཚན་མའོ། །​ཡིད་ཀྱི་རྣམ་པར་ཤེས་པ་ནི་མཚན་མའོ། །​མྱིག་གི་འདུས་ཏེ་རེག་པ་ནི་མཚན་མའོ། །རྣ་བའི་འདུས་ཏེ་རེག་པ་ནི་མཚན་མའོ། །​སྣའི་འདུས་ཏེ་རེག་པ་ནི་མཚན་མའོ། །​ལྕེའི་འདུས་ཏེ་རེག་པ་ནི་མཚན་མའོ། །​ལུས་ཀྱི་འདུས་ཏེ་རེག་པ་ནི་མཚན་མའོ། །​ཡིད་ཀྱི་འདུས་ཏེ་རེག་པ་ནི་མཚན་མའོ། །​མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6685#UT22084-014-001-6685