Degé Kangyur volume 15, F.16.b

སྤོང་བ་རྣམས་མ་ལགས། །​རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་རྫུ་འཕྲུལ་གྱི་རྐང་པ་རྣམས་མ་ལགས། །​དབང་པོ་རྣམས་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། དབང་པོ་རྣམས་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་དབང་པོ་རྣམས་མ་ལགས། །​སྟོབས་རྣམས་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། སྟོབས་རྣམས་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་སྟོབས་རྣམས་མ་ལགས། །​བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་བྱང་ཆུབ་ཀྱི་ཡན་ལག་རྣམས་མ་ལགས། །​འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་ལགས། །​འཕགས་པའི་བདེན་པ་རྣམས་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། འཕགས་པའི་བདེན་པ་རྣམས་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་འཕགས་པའི་བདེན་པ་རྣམས་མ་ལགས། །​བསམ་གཏན་རྣམས་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། བསམ་གཏན་རྣམས་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་བསམ་གཏན་རྣམས་མ་ལགས། །​ཚད་མྱེད་པ་རྣམས་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། ཚད་མྱེད་པ་རྣམས་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་ཚད་མྱེད་པ་རྣམས་མ་ལགས། །​གཟུགས་མྱེད་པའི་སྙོམས་པར་འཇུག་པ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6680#UT22084-014-001-6680