Degé Kangyur volume 15, F.16.a

ཅད་སྟོང་པ་ཉིད་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་ཆོས་ཐམས་ཅད་སྟོང་པ་ཉིད་མ་ལགས། །​རང་གི་མཚན་ཉིད་སྟོང་པ་ཉིད་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་རང་གི་མཚན་ཉིད་སྟོང་པ་ཉིད་མ་ལགས། མྱི་དམྱིགས་པ་སྟོང་པ་ཉིད་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་མྱི་དམྱིགས་པ་སྟོང་པ་ཉིད་མ་ལགས། །​དངོས་པོ་མྱེད་པ་སྟོང་པ་ཉིད་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་དངོས་པོ་མྱེད་པ་སྟོང་པ་ཉིད་མ་ལགས། །​ངོ་བོ་ཉིད་སྟོང་པ་ཉིད་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་ངོ་བོ་ཉིད་སྟོང་པ་ཉིད་མ་ལགས། །​དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མ་ལགས། དྲན་པ་ཉེ་བར་གཞག་པ་རྣམས་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་དྲན་པ་ཉེ་བར་གཞག་པ་རྣམས་མ་ལགས། །​ཡང་དག་པར་སྤོང་བ་རྣམས་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། ཡང་དག་པར་སྤོང་བ་རྣམས་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་ཡང་དག་པར་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6679#UT22084-014-001-6679