Degé Kangyur volume 14, F.287.a

མཆིས། མིང་དང་གཟུགས་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། མིང་དང་གཟུགས་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་མིང་དང་གཟུགས་མཆིས་པར་ཡང་ག་ལ་འགྱུར། མིང་དང་གཟུགས་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །​བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་སྐྱེ་མཆེད་དྲུག་གི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། སྐྱེ་མཆེད་དྲུག་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། སྐྱེ་མཆེད་དྲུག་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་སྐྱེ་མཆེད་དྲུག་མཆིས་པར་ཡང་ག་ལ་འགྱུར། སྐྱེ་མཆེད་དྲུག་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །​བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་རེག་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། རེག་པ་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། རེག་པ་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་རེག་པ་མཆིས་པར་ཡང་ག་ལ་འགྱུར། རེག་པ་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །​བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་ཚོར་བའི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། ཚོར་བ་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། ཚོར་བ་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་ཚོར་བ་མཆིས་པར་ཡང་ག་ལ་འགྱུར། ཚོར་བ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6437#UT22084-014-001-6437