Degé Kangyur volume 14, F.286.b

དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས།​། །​།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་དགུ་པ། །​བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་མ་རིག་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། མ་རིག་པ་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། མ་རིག་པ་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་མ་རིག་པ་མཆིས་པར་ཡང་ག་ལ་འགྱུར། མ་རིག་པ་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །​བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་འདུ་བྱེད་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། འདུ་བྱེད་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། འདུ་བྱེད་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་འདུ་བྱེད་མཆིས་པར་ཡང་ག་ལ་འགྱུར། འདུ་བྱེད་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་རྣམ་པར་ཤེས་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། རྣམ་པར་ཤེས་པ་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། རྣམ་པར་ཤེས་པ་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་རྣམ་པར་ཤེས་པ་མཆིས་པར་ཡང་ག་ལ་འགྱུར། རྣམ་པར་ཤེས་པ་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །​བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་མིང་དང་གཟུགས་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6436#UT22084-014-001-6436