Degé Kangyur volume 17, F.247.b

མྱེད་དོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཆོས་མ་སྐྱེས་པ་རྣམས་ཀྱི་སྐྱེ་བ་མྱེད་པ་ཡང་བདག་གིས་ནི་བརྗོད་པར་སྤོབས་པ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལྟར་མ་སྐྱེས་པའི་ཆོས་གང་ཡིན་པ་དང་། སྐྱེ་བ་མེད་པ་གང་ཡིན་པ་དང་། སྤོབས་པ་གང་ཡིན་པ་དང་། བརྗོད་པ་གང་ཡིན་པ་དང་། མྱི་སྐྱེ་བ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ཀྱང་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན། གཟུགས་མྱེད་པ་བལྟར་མེད་པ་ཐོགས་པ་མེད་པ་སྟེ། འདི་ལྟར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་དག་གོ །​སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་བརྗོད་པ་ནི་སྐྱེ་བ་མྱེད་ཅེས་བྱ་བ་ཡིན་ཏེ། སྤོབས་པ་ཡང་སྐྱེ་བ་མེད་ལ་ཆོས་ཀྱང་སྐྱེ་བ་མྱེད་དེ། གང་ལས་བརྩམས་ཤིང་བརྗོད་པར་སྤོབས་པའི་ཆོས་དེ་དག་ཀྱང་སྐྱེ་བ་མེད་པ་ཡིན་ནམ། རབ་འབྱོར་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ཏེ། བརྗོད་པ་ནི་མ་སྐྱེས་པའོ། །​སྤོབས་པ་ནི་མ་སྐྱེས་པའོ། །​ཆོས་ནི་མ་སྐྱེས་པའོ། །​གང་ལས་བརྩམས་ཏེ་སྨྲ་བར་སྤོབས་པའི་ཆོས་དེ་དག་ཀྱང་མ་སྐྱེས་པའོ། །​དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་ནི་འདི་ལྟར་གཟུགས་སྐྱེ་བ་མྱེད་དོ། །​ཚོར་བ་སྐྱེ་བ་མེད་དོ། །​འདུ་ཤེས་སྐྱེ་བ་མེད་དོ། །​འདུ་བྱེད་སྐྱེ་བ་མྱེད་དོ། །​རྣམ་པར་ཤེས་པ་སྐྱེ་བ་མེད་དོ། །​མྱིག་སྐྱེ་བ་མྱེད་དོ། །​རྣ་བ་སྐྱེ་བ་མྱེད་དོ། །​སྣ་སྐྱེ་བ་མེད་དོ། །​ལྕེ་སྐྱེ་བ་མྱེད་དོ། །ལུས་སྐྱེ་བ་མྱེད་དོ། །​ཡིད་སྐྱེ་བ་མྱེད་དོ། །​གཟུགས་སྐྱེ་བ་མྱེད་དོ། །​སྒྲ་སྐྱེ་བ་མྱེད་དོ། །​དྲི་སྐྱེ་བ་མྱེད་དོ། །​རོ་སྐྱེ་བ་མྱེད་དོ། །​རེག་སྐྱེ་བ་མྱེད་དོ། །​ཆོས་སྐྱེ་བ་མྱེད་དོ། །​མྱིག་གི་རྣམ་པར་ཤེས་པ་སྐྱེ་བ་མྱེད་དོ། །​རྣ་བའི་རྣམ་པར་ཤེས་པ་སྐྱེ་བ་མྱེད་དོ། །​སྣའི་རྣམ་པར་ཤེས་པ་སྐྱེ་བ་མྱེད་དོ། །​ལྕེའི་རྣམ་པར་ཤེས་པ་སྐྱེ་བ་མྱེད་དོ། །​ལུས་ཀྱི་རྣམ་པར་ཤེས་པ་སྐྱེ་བ་མྱེད་དོ། །​ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་བ་མྱེད་དོ། །​མྱིག་གི་འདུས་ཏེ་རེག་པ་སྐྱེ་བ་མྱེད་དོ། །​རྣ་བའི་འདུས་ཏེ་རེག་པ་སྐྱེ་བ་མྱེད་དོ། །​སྣའི་འདུས་ཏེ་རེག་པ་སྐྱེ་བ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10711#UT22084-014-001-10711