Degé Kangyur volume 17, F.247.a

ཏིའི་བུ། བདག་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་སྐྱེས་པ་རང་བཞིན་གྱིས་སྟོང་པ་སྐྱེ་བར་མྱི་འདོད་དོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བདག་ནི་ཕྱིར་མི་འོང་བའི་འབྲས་བུ་སྐྱེས་པ་རང་བཞིན་གྱིས་སྟོང་པ་སྐྱེ་བར་མྱི་འདོད་དོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བདག་ནི་དགྲ་བཅོམ་པ་ཉིད་སྐྱེས་པ་རང་བཞིན་གྱིས་སྟོང་པ་སྐྱེ་བར་མྱི་འདོད་དོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བདག་ནི་རང་བྱང་ཆུབ་སྐྱེས་པ་རང་བཞིན་གྱིས་སྟོང་པ་སྐྱེ་བར་མྱི་འདོད་དོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བདག་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་སྐྱེས་པ་རང་བཞིན་གྱིས་སྟོང་པ་སྐྱེ་བར་མྱི་འདོད་དོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བདག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྐྱེས་པ་རང་བཞིན་གྱིས་སྟོང་པ་སྐྱེ་བར་མྱི་འདོད་དོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་སྐྱེ་བ་སྐྱེའམ། འོན་ཏམ་མི་སྐྱེ་བ་སྐྱེ། །​སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སྐྱེ་བ་ཡང་མི་སྐྱེ། མི་སྐྱེ་བ་ཡང་མི་སྐྱེའོ། །​དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལྟར་སྐྱེ་བ་གང་ཡིན་པ་དང་། སྐྱེ་བ་མྱེད་པ་གང་ཡིན་པའི་ཆོས་དེ་གཉིས་ཀ་ཡང་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན། གཟུགས་མྱེད་པ་བལྟར་མྱེད་པ་ཐོགས་པ་མེད་པ་སྟེ། འདི་ལྟར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་དག་གོ །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་ལྟར་རྣམ་གྲངས་དེས་ན་སྐྱེ་བ་ཡང་མི་སྐྱེ་མི་སྐྱེ་བ་ཡང་མི་སྐྱེའོ། །​ཤ་ར་དྭ་ཏིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་མ་སྐྱེས་པའི་ཆོས་མ་སྐྱེས་པའི་ཆོས་ཞེས་བྱ་བ་བརྗོད་པར་ཁྱོད་ཀྱིས་སྤོབས་ན། ཚེ་དང་ལྡན་པ་རབ་འབྱོར་ཆོས་མ་སྐྱེས་པ་རྣམས་ཀྱི་སྐྱེ་བ་མེད་པ་ལའང་བརྗོད་དུ་སྤོབས་པར་འགྱུར་རམ། །​རབ་འབྱོར་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མ་སྐྱེས་པའི་ཆོས་མ་སྐྱེས་པའི་ཆོས་ཞེས་བྱ་བ་བརྗོད་པར་ཁྱོད་ཀྱིས་སྤོབས་སོ་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མ་སྐྱེས་པའི་ཆོས་མ་སྐྱེས་པའི་ཆོས་ཞེས་བྱ་བ་བརྗོད་པ་ལ་བདག་གིས་སྤོབས་པ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10710#UT22084-014-001-10710